ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་འཁྱགས་གླིང་གི་ཕྱི་འབྲེལ་དཔོན་པོ་སོ་ཨར་ཏ་སུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ9པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ནས་འཁྱགས་གླིང་གི་ཕྱི་འབྲེལ་དཔོན་པོ་སོ་ཨར་ཏ་སུང་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་དྲུག་ཉིན་ཀྲུང་ནན་ཧེ་ནས་འཁྱགས་གླིང་གི་ཕྱི་འབྲེལ་དཔོན་པོ་སོ་ཨར་ཏ་སུང་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་འཁྱགས་གླིང་རྒྱལ་ཁབ་གཉི་གར་ཐུན་མོང་མ་ཡིན་པའི་རང་བདག་སྙིང་སྟོབས་ཡོད་ལ། རྒྱལ་ཁབ་རང་གི་ཁྱད་ཆོས་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་བརྩི་བཀུར་བྱས་པ་དང་འདྲ་མཉམ་གྱི་ལྟ་ཚུལ་བཟུང་ནས། རྒྱལ་ཁབ་ཆེ་ཆུང་བར་དུ་མཛའ་མཐུན་མཉམ་ལས་བྱེད་པར་མིག་དཔེ་བསྟན་པ་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ཀྲུང་གོ་དང་འཁྱགས་གླིང་གི་འབྲེལ་བ་ཉེ་བའི་ལོ་འགའི་རིང་ལ་གཏན་འཇགས་སྒོས་གོང་འཕེལ་བྱུང་བ་དང་། དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་ཡོད། ཀྲུང་གོས་འཁྱགས་གླིང་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་གསར་སྤེལ་གསར་གཏོད་ཀྱི་འདུ་ཤེས་བཅངས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། འཁྱགས་གླིང་བར་གྱི་རྒྱུས་ལོན་ཇེ་ཟབ་དང་ཡིད་ཆེས་ཇེ་ཆེར་གཏོང་བ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་ཁྱད་སྟོབས་གསབ་རེས་དང་མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱས་ནས། ཀྲུང་གོ་དང་འཁྱགས་གླིང་གི་འབྲེལ་བའི་སྔར་ལས་མཛེས་སྡུག་གི་མ་འོངས་པ་གསར་གཏོད་བྱེད་འདོད་ཡོད་ཟེར།

སོ་ཨར་ཏ་སུང་གིས་བསྟན་དོན། འཁྱགས་གླིང་དང་ཀྲུང་གོ་རྒྱལ་ཁབ་གཉིས་རྒྱལ་སྤྱིའི་གནད་དོན་མང་པོའི་ཐད་ནས་ལངས་ཕྱོགས་གཅིག་མཐུན་ཡིན། འཁྱགས་གླིང་གིས་ཀྲུང་གོས་འཁྱགས་གླིང་དངུལ་རྩའི་ཉེན་ཚབས་དང་འཕྲད་སྐབས་རོགས་རམ་གནང་བར་བཀའ་དྲིན་ཞུ་བཞིན་ཡོད་ལ། ཀྲུང་གོའི་བར་གྱི་འབྱོར་འཚོང་དང་ཡུལ་སྐོར། བྱང་སྣེའི་ལས་དོན་དང་ནམ་ཟླའི་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཟེར།


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།