ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་གིས་ཏོ་ཀེ་ཙུང་ཐུང་དང་མཇལ་མོལ་གནང་བ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2018-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་༥ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཏོ་ཀེའི་ཙུང་ཐུང་ཧྥུ་ལེ་དང་མཇལ་མོལ་གནང་ཡོད་པ་རེད།

ཝང་ཧུའུ་ཉིང་གིས། ཀྲུང་གོ་དང་ཨ་ཧྥི་རི་ཁའི་མཉམ་ལས་གླིང་སྟེགས་པེ་ཅིང་དབུ་ཚོགས་ཀྱིས་སྔར་བས་དམ་ཟབ་ལྡན་པའི་ཀྲུང་གོ་དང་ཨ་ཧྥི་རི་ཁ་གླིང་གི་ལས་དབང་གཅིག་མཐུན་མ་ལག་གི་གཏོད་པའི་ཐད་གལ་ཆེའི་ཐུན་མོང་ངོས་འཛིན་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ཐོག་ཡོངས་བསྒྲགས་བྱས་པའི་བྱ་སྤྱོད་ཆེན་པོ་བརྒྱད་ཀྱིས་ཀྲུང་གོ་དང་ཨ་ཧྥི་རི་ཁ་གླིང་གི་མཉམ་ལས་ལ་སྟོབས་དང་ལྡན་པའི་འགུལ་ཤུགས་གསར་པ་སྦྱིན་ཡོད། ཀྲུང་གོའི་ཕྱོགས་ནས་ཏོ་ཀེ་ཕྱོགས་དང་ལྷན་དུ་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱེད་རྒྱུ་དང་། རྒྱུད་གཅིག་ལམ་གཅིག་གིས་གྲོས་འགོ་དེ་ཏོ་ཀེ་ཕྱོགས་ཀྱི་སྤྱི་ལོ་༢༠༣༠ལོའི་གསར་དར་རྒྱལ་ཁབ་ཀྱི་འཐབ་ཇུས་དང་འབྲེལ་མཐུད་བྱས་ནས། དངོས་སྒྲུབ་མཉམ་ལས་རྒྱ་བསྐྱེད་དུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་ཡིན་ཞེས་བསྟན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༦ཉིན་ཙུང་ཐུང་སྐུ་ཞབས་དང་མཇལ་མོལ་གནང་བ་དེས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་མུ་མཐུད་ནས་ཁ་ཕྱོགས་གསལ་སྟོན་ཐུབ་ངེས་ཡིན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།