ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲེང་གིས་ཁག་སོ་སོར་ཀི་ནེ་ཡའི་པི་སོའི་ཙུང་ཐུང་དང་ཐུའུ་ཉི་སིའི་ཙུང་ལི་དང་མཇལ་མོལ་གནང་བ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2018-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་༥ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཁག་སོ་སོར་ཀི་ནི་ཡའི་པི་སོའི་ཙུང་ཐུང་ཝ་སི་དང་ཐུའུ་ཉི་སིའི་ཙུང་ལི་ཧྲ་ཧའེ་ཏེ་དང་མཇལ་མོལ་གནང་ཡོད། ཀི་ནི་ཡའི་ཙུང་ཐུང་ཝ་སི་དང་མཇལ་མོལ་གནང་སྐབས། ཧན་ཀྲེང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་མཆོག་དང་མཇལ་མོལ་གནང་སྟེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་གཏིང་ཟབ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེ་རུ་གཏོང་རྒྱུར་བསམ་འཆར་བརྗེ་རེས་གནང་བ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གོང་འཕེལ་གྱི་འབྱུང་འགྱུར་ལ་འཆར་འགོད་བྱས་ཡོད། ཀྲུང་གོའི་ཕྱོགས་ནས་ཀི་ནི་ཡའི་པི་སོ་ཕྱོགས་དང་ལྷན་དུ་མཉམ་དུ་འབད་བརྩོན་བྱས་ཏེ། དབུ་ཚོགས་ཀྱི་གྲུབ་འབྲས་དེས་ཀི་ནི་ཡའི་པི་སོའི་མི་དམངས་ལ་ཕན་པ་སྔར་བས་མང་བ་དང་སྔར་བས་ཡག་པ་ཐོབ་པ་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཐུའུ་ཉི་སིའི་ཙུང་ལི་ཧྲ་ཧའེ་ཏེ་དང་མཇལ་མོལ་གནང་སྐབས། ཧན་ཀྲེང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་མཆོག་དང་མཇལ་མོལ་གནང་རྒྱུ་དང་། ཐུན་མོང་ཐོག་དུས་མཚམས་རྗེས་མའི་ཕྱོགས་གཉིས་འབྲེལ་བའི་གོང་འཕེལ་ལ་ཁ་ཕྱོགས་གསལ་སྟོན་གནང་རྒྱུ་ཡིན་པ་རེད། ཀྲུང་གོའི་ཕྱོགས་ནས་ཐུའུ་ཉི་སི་ཕྱོགས་དང་ལྷན་དུ། ཕྱོགས་གཉིས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་དབུ་ཚོགས་ཀྱི་གྲུང་འབྲས་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་སྔར་ལས་ལྷག་པ་བྱས་ནས། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཇེ་ཡག་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་འདོད་ཡོ-ད་ཅེས་བསྟན་ཡོད་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།