ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་ཁག་སོ་སོར་ཆ་ཏེའི་ཙུང་ཐུང་དང་ཙམ་པབ་ཝེའི་ཙུང་ཐུང་དང་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2018-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་སྤྱི་ཚེས་༥ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཁག་སོ་སོར་ཆ་ཏེའི་ཙུང་ཐུང་ཏེ་པི་དང་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཆ་གུ་ཝ་དང་ཐུག་འཕྲད་གནང་ཡོད་པ་རེད།

ཆ་ཏེའི་ཙུང་ཐུང་ཏེ་པེ་དང་ཐུག་འཕྲད་གནང་སྐབས། ལི་ཀྲན་ཧྲུའུ་ཡིས། ཀྲུའུ་ཞི་ཞི་ཅིང་ཕིང་གི་བརྗོད་དོན་གཙོ་བོའི་གཏམ་བཤད་ནང་ཨ་ཧྥི་རི་ཁ་གླིང་བར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་འདུ་ཤེས་གསར་པ་དང་འདོད་ཚུལ་གསར་པ་ཁྱོན་ཡོངས་ནས་རྒྱབ་བཤད་གནང་ཡོད་པ་དང་ཨ་ཧྥི་རི་ཁ་གླིང་དང་དངོས་གཉེར་མཉམ་ལས་བྱེད་རྒྱུའི་བྱ་སྤྱོད་གསར་པ་དང་བྱ་ཐབས་གསར་པ་ཁྱབ་བསྒྲགས་གནང་བ། ལག་གདང་སྦྲེལ་ནས་འགན་འཁྲི་མཉམ་འཁུར་དང་མཉམ་ལས་མཉམ་རྒྱལ། བདེ་སྐྱིད་མཉམ་སྤྱོད། རིག་གནས་མཉམ་དར། བདེ་འཇགས་མཉམ་སྐྲུན། ཞི་མཐུན་མཉམ་གནས་བཅས་ཀྱི་ཀྲུང་གོ་དང་ཨ་ཧྥི་རི་ཁའི་ལས་དབང་གཅིག་མཐུན་མ་ལག་སྐྲུན་རྒྱུའི་ནན་བཤད་གནང་ཡོད་པ་དང་ཀྲུང་གོའི་ཕྱོགས་ནས་ཨ་ཧྥི་རི་ཁ་གླིང་གི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ། ཆ་ཏེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དང་དབུ་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱེད་པ། ཆ་ཏེ་ཚུད་པའི་ཨ་ཧྥི་རི་ཁ་གླིང་རྒྱལ་ཁབ་དང་མི་དམངས་ཀྱིས་དཔལ་འབྱོར་གོང་འཕེལ་གཏོང་བ་དང་དབུལ་འགྲོལ་བྱེད་པར་རོགས་རམ་བྱ་རྒྱུ་ཡིན་ཞེས་གསུངས་འདུག

ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་གུ་ཝ་དང་ཐུག་འཕྲད་གནང་སྐབས། ལི་ཀྲན་ཧྲུའུ་ཡིས། ཀྲུའུ་ཞི་ཞི་ཅིང་ཕིང་གིས་ཨ་ཧྥི་རི་ཁ་གླིང་བར་གྱི་འབྲེལ་བའི་ནང་མི་ཆོག་པ་ལྔ་རྒྱུན་འཁྱོངས་བྱེད་དགོས་པ་བཏོན་གནང་ཞིང་དེ་ནི་དྲང་བདེན་ལྷག་བསམ་གྱི་འདུ་ཤེས་དང་ཡང་དག་ཁེ་དབང་ལྟ་བའི་ཞིབ་ཕྲའི་མངོན་ཚུལ་ཡིན་པ་དང་ཀྲུང་གོས་ཨ་ཧྥི་རི་ཁ་གླིང་གི་རྒྱལ་ཁབ་ཁག་ལ་ལྟ་སྟངས་འདྲ་མཉམ་འཛིན་པ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་ལྷག་བསམ་དང་སེམས་ཤུགས་གསལ་སྟོན་སྔར་ལས་ལྷག་པ་བྱས་ཡོད། ཀྲུང་གོའི་ཕྱོགས་ནས་ཙམ་པབ་ཝེའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་གལ་ཆེའི་ཐུན་མོང་ངོས་འཛིན་དང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ནས་རྨང་གཞིའི་སྒྲིག་བཀོད་དང་ནུས་པའི་འབྱུང་ཁུངས། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་ཏང་བར་གྱི་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་གོ་དང་ཙམ་པབ་ཝེའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བའི་ནང་དོན་ཟམ་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་གཏོང་འདོད་ཡོད་ཅེས་གསུངས་འདུག  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།