ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཅི་པོའུ་ཐིའི་ཙུང་ཐུང་ཀའེ་ལའེ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་གཉིས་ཉིན་ཏུའེ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་ནས་ཅི་པོའུ་ཐི་རྒྱལ་ཁབ་ཀྱི་ཙུང་ཐུང་ཀའེ་ལའེ་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ན་ནིང་གི་ཟླ་བཅུ་གཅིག་པར་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་དུ་ཀྲུང་གོ་དང་ཅི་པོའུ་ཐི་གཉིས་ཀྱི་འབྲེལ་བ་ནི་འཐབ་ཇུས་རོགས་རེས་འབྲེལ་བར་གཏན་འཁེལ་གནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདིའི་སྔོན་ཏག་ཏག་ལ་ཙུང་ཐུང་ཁྱེད་ལ་མཇལ་འཕྲད་གནང་ནས། དུས་རིམ་རྗེས་མའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཆར་འགོད་བཟོས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅི་པོའུ་ཐི་དང་མཉམ་དུ་ཧུར་བརྩོན་ཆེན་པོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པའི་གོ་སྐབས་དང་བསྟུན་ནས། ཕྱོགས་གཉིས་ཀའི་འགྲོ་འོང་དང་མཉམ་ལས་ཀྱི་གཞི་ཁྱོན་ཆེར་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་རོགས་རེས་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་འདོད་ཡོད་ཟེར།

ཀའེ་ལའེ་ཡིས་བསྟན་དོན། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་ཕྱོགས་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་གླེང་སྟེགས་སྒྲོམ་གཞིའི་འོག་ནས། མཉམ་ལས་བྱ་བ་་དང་མཛའ་འབྲེལ་བརྗེ་རེས་བྱ་བ་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།