ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཡིས་མོ་ཙམ་པི་ཁེའི་ཙུང་ཉིག་ཞི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9པའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཏུའེ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་མོ་ཙམ་པི་ཁེའི་ཙུང་ཐུང་ཉིག་ཞི་ལ་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཚེས་གཅིག་ཉིན་ཏུའེ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་མོ་ཙམ་པི་ཁེའི་ཙུང་ཐུང་ཉིག་ཞི་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་ཙུང་ཐུང་ཉིག་ཞི་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་ཡོང་བར་དགའ་བསུ་ཞུས། ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་ཕན་འབྲས་ཕུན་སུམ་ཚོགས་པའི་མཇལ་འཕྲད་གནང་ནས། ཐུན་མོང་གི་ལྟ་བ་གལ་ཆེན་མང་པོ་བྱུང་ཡོད། ཀྲུང་གོ་དང་མོ་ཙམ་པི་ཁེ་ཕྱོགས་གཉིས་ནི་ནམ་ཡིན་རུང་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་དང་སྤུན་ཟླ་བཟང་པོ་ཡིན། མོ་ཙམ་པི་ཁེའི་དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་བཟང་ལ་ཞི་བདེའི་འཕེལ་རིམ་ལ་གྲུབ་འབྲས་གསར་པ་ཐོབ་པ་ནི་དགའ་འོས་པ་ཞིག་རེད། ཀྲུང་གོས་མོ་ཙམ་པི་ཁེ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་དངོས་འབེབས་བཟང་པོ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བརྒྱུད་ནས་ཀྲུང་གོ་དང་མོ་ཙམ་པི་ཁེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར།

ཉིག་ཞི་ཡིས་བསྟན་དོན། མོ་ཙམ་པི་ཁེའི་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ལ་ཧ་ཅང་མཐོང་ཆེན་བྱེདབ་ཞིན་ཡོད། མོ་ཙམ་པི་ཁེས་ཀྲུང་གོའི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ལ་སློབ་སྦྱོང་བྱེད་འདོད་པ་དང་། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།