ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཡིས་སོ་མ་ལིའི་ཙུང་ཐུང་མུའུ་ཧན་མོ་ཏི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180901101613i3Aa.jpg

 ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་པེ་ཅིན་ཏུའེ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་ནས་སོ་མ་ལིའི་ཙུང་ཐུང་མུའུ་ཧན་མོ་ཏི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་པེ་ཅིན་ཏུའེ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་ནས་སོ་མ་ལིའི་ཙུང་ཐུང་མུའུ་ཧན་མོ་ཏི་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་ཙུང་ཐུང་མུའུ་ཧན་མོ་ཏི་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་ཡོང་བར་དགའ་བསུ་ཞུས། ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་རྣམ་གཉིས་ཀྱིས་ཕན་འབྲས་ཕུན་སུམ་ཚོགས་པའི་མཇལ་འཕྲད་གནང་བ་དེ། ཀྲུང་གོ་དང་སོ་མ་ལིའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། ཀྲུང་གོས་ནམ་ཡིན་ཡང་སོ་མ་ལི་ལ་མཛའ་མཐུན་སྲིད་ཇུས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་པ་དང་། སོ་མ་ལིའི་ཞི་བའི་འཕེལ་རིམ་ལ་རྒྱབ་སྐྱོར་ལྷོད་མེད་བྱེད་བཞིན་ཡོད་པར་མ་ཟད། སོ་མ་ལིའི་མ་འོངས་པའི་འཕེལ་རྒྱས་ལ་རེ་བས་ཁེངས་ཡོད། ཀྲུང་གོས་སོ་མ་ལི་དང་མཉམ་དུ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་དེ་གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་འདོད་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

མུའུ་ཧན་མོ་ཏི་ཡིས་བསྟན་དོན། སོ་མ་ལིས་ཀྲུང་གོས་ཡུན་རིང་པོར་སོ་མ་ལི་ལ་རྒྱབ་སྐྱོར་དང་རོགས་རམ་སྣ་ཚོགས་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། སོ་མ་ལིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཟབ་ཞུགས་ལེགས་པོ་བྱེད་འདོད་ཡོད་ལ། ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ནས། རང་སྟེང་གི་འཕེལ་རྒྱས་སྔར་ལས་བཟང་པོ་མངོན་འགྱུར་བྱེད་པར་རེ་སྒུག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།