ཀྲུང་གོ་བོད་ཀྱི་དྲ་བ།

​2018ལོར་ཀྲུང་གོ་དང་འཇར་པན་བར་ཞི་བདེ་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་འཁོར40ལོན་པར་དྲན་གསོ་ཞུ་བའི་ཀྲུང་གོ་དང་འཇར་པན་གྱི་སློབ་ཆེན་སློབ་མ་ཆིག་སྟོང་གི་བརྗེ་རེས་ཚོགས་ཆེན་པེ་ཅིན་སློབ་ཆེན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས29ཉིན། 2018ལོར་ཀྲུང་གོ་དང་འཇར་པན་བར་ཞི་བདེ་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་འཁོར40ལོན་པར་དྲན་གསོ་ཞུ་བའི་ཀྲུང་གོ་དང་འཇར་པན་གྱི་སློབ་ཆེན་སློབ་མ་ཆིག་སྟོང་གི་བརྗེ་རེས་ཚོགས་ཆེན་པེ་ཅིན་སློབ་ཆེན་ནས་ཚོགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གཉིས་ཀྱིས་ཤིས་ཚིག་ཕུལ།

ལིས་ཁི་ཆང་གིས་ཤིས་ཚིག་ནང་གསུངས་རྒྱུར། ལོ40ཡི་སྔོན་ལ། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་རྒན་རབས་འགོ་ཁྲིད་པས་ཆིངས་ཡིག་འགོད་རྒྱུ་ཐག་བཅད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་རྩ་བའི་ཁྲིད་སྟོན་དང་བསྲུང་བྱ་གཏན་འཁེལ་བྱས། ཅང་མ་འགོར་བའི་སྔོན་ལ། བདག་དང་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་ཆིངས་ཡིག་བཀོད་ནས་ལོ་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུས། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་འཇར་པན་བར་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྨང་གཞིའི་སྟེང་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་པར་ཁ་ཕྱོགས་ཏེ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་དར་རྒྱས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཨན་པེ་ཅིན་སན་གྱིས་བཤད་རྒྱུར། ད་ལོའི་ཟླ་ལྔ་བར་ཙུང་ལི་ལིས་ཁི་ཆང་གིས་འཇར་པན་ལ་དངོས་གཞིའི་འཚམས་འདྲི་མཛད་པ་དེ་འཇར་པན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་གཉིས་ཀྱིས་ཡུན་རིང་མཛའ་མཐུན་དང་བརྟན་འཇགས་ཡིན་པའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་མུ་མཐུད་དུ་ན་གཞོན་བར་གྱི་བརྗེ་རེས་ལ་ཤུགས་སྣོན་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།