ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཕ་ཁི་སི་ཐན་གྲོས་ཞུགས་ཁང་གི་ཀྲུའུ་ཞིར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅུ་བདུན་ཉིན། མི་དམངས་ཚོགས་ཁང་ཆེན་མོའི་ནང་ནས་ཕ་ཁི་སི་ཐན་གྱི་གྲོས་ཁང་ཀྲུའུ་ཞི་སང་ཅིས་ལཱ་ཉིས་ལ་མཇལ་འཕྲད་གནང་། 

ལིས་ཀྲན་ཧྲུའུ་ཡིས་བཤད་རྒྱུར། ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་ཀྱི་མཛའ་བརྩེ་འབྲེལ་བ་ནི་རྡོ་རྗེ་བྲག་ལས་བརྟན་ཅིང་ལོ་རྒྱུས་ཀྱི་སྲོལ་རྒྱུན་བཟང་བོ་ལྡན་པས། ཐོག་མཐའ་བར་གསུམ་ཀུན་ཏུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཡོངས་ཀྱི་འདོད་བློ་དང་སྒོ་ཀུན་ནས་མཐུན་པ་བྱུང་ཡོད། ཉེ་བའི་ལོ་འདི་འགར། ཕྱོགས་གཉིས་ཀས་ཧུར་བརྩོན་ཆེན་པོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅོ་ལྔ་ལོར་ཕ་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་མཛད་སྐབས། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་ལག་བསྟར་དངོས་འབེབས་བྱས་ཏེ། ཁྱབ་ཁོངས་སོ་སོའི་ཁྲོད་ཀྱི་མཉམ་ལས་བྱ་བ་ཡར་ལྡན་དུ་འཕེལ་ཡོད། ཀྲུང་གོ་དང་ཕ་ཁི་ཟི་ཐན་གཉིས་ནི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མ་དཔེ་ལྟ་བུ་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཕ་ཁི་སི་ཐན་གྲོས་ཁང་གི་བརྗེ་རེས་མཉམ་ལས་བྱ་བར་མཐོང་ཆེན་དང་ཤུགས་སྣོན་བྱེད་ཀྱིན་ཡོད་ཅིང་། རེ་བ་ཡིན་ན་ཕན་ཚུན་ཕྱོགས་གཉིས་ཀའི་འབད་འབུངས་འོག  རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འབྲེལ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་རེ་བ་བྱེད་ཀྱིན་ཡོད་ཟེར། 

སང་ཅིས་ལཱ་ཉིས་ཀྱིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ནི་ཕ་ཁི་སི་ཐན་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་རྡོ་ལྟ་བུ་ཡིན། གནས་བབ་གསར་བའི་འོག་ཏུ། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་མཉམ་ལས་བྱ་བར་མུ་མཐུད་ཤུགས་བསྣན་ནས། མཉམ་དུ་རྒྱལ་ཁབ་གཉིས་ཀྱིས་ཁ་གཏོད་དགོས་པའི་འགྲན་རྩོད་ཐམས་ཅད་ལ་གདོང་ལེན་བྱེད་རྩིས་ཡོད་ཟེར། ཅིས་པིན་ཞོན་ཐེངས་འདིའི་ཐུག་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།