ཀྲུང་གོ་བོད་ཀྱི་དྲ་བ།

ཅི་ལིན་ཞིང་ཆེན་དང་ཁྲང་ཁྲུན་གྲོང་ཁྱེར་གྱིས་ཁྲང་ཧྲེང་རིམས་འགོག་སྨན་ཁབ་གྱོད་གཞི་དང་འབྲེལ་བ་ཡོད་པའི་འགོ་ཁྲིད་ལས་བྱེད་པ་ལ་རྩ་འཛུགས་ཀྱི་ཐག་བཅད་པ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2018-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཅི་ལིན་ཞིང་ཨུ་ནས་ཤེས་རྟོགས་བྱུང་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྟག་དཔྱད་ཚོ་ཆུང་གིས་བརྟག་དཔྱད་བྱས་པའི་འབྲས་བུར་གཞིགས་ན། ཟླ་8ཚེས་16ཉིན། ཅི་ལིན་ཞིང་ཨུ་རྒྱུན་ཨུ་གྲོས་ཚོགས་ཀྱིས་ཞིབ་འཇུག་བྱས་ནས་ཐག་བཅད་དོན། ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིས་ཁྲིམས་འགལ་སྒྲིག་འགལ་གྱིས་ཁྱི་སྨྱོན་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱས་པར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཡག་པོ་མ་ཁུར་བ་དང་། ཁོངས་གཏོགས་ས་ཁུལ་གྱི་དོ་དམ་འགན་འཁུར་ཡག་པོ་མ་ཁུར་བ། ཐད་ཀར་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་པའི་མི་སྣ་ལ་རྩ་འཛུགས་ཀྱི་ཐག་བཅད་པ་སྟེ། ཁྲིམས་བཀོད་གོ་རིམ་ལྟར་ཀའོ་ཧོང་ཀྲི་ཡིས་འགན་ཁུར་བའི་ཅི་ལིན་ཞིང་ཆེན་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་། ཅུས་ཀྲང་གི་གོ་གནས་བླངས་པ་དང་། པའེ་ཞུ་ཀུའེ་ཡིས་འགན་ཁུར་བའི་ཅི་ལིན་ཞིང་ཆེན་བཟོ་འཕྲིན་ཐིང་གི་ཏང་ཙུའུ་ཧྲུའུ་ཅི། ཐིང་ཀྲང(2016ལོའི་ཟླ་4ནས་2018ལོའི་ཟླ་2པའི་བར་སྨན་རྫས་ལྟ་སྐུལ་དོ་དམ་ལས་དོན་གྱི་ཁག་འགན་ཁུར་པའི་ཁྲང་ཁྲུན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་)གི་གོ་གནས་བླངས་པ། ཙེང་ཞང་ཏུང་གིས་འགན་ཁུར་བའི་ཅི་ལིན་ཞིང་ཆེན་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པའི་གོ་གནས་བླངས་པ། ཡན་ཧའེ་ཅང་གིས་འགན་ཁུར་བའི་ཅི་ལིན་ཞིང་ཆེན་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོམ་དམ་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་། ཅུས་ཀྲང་གཞོན་པའི་གོ་གནས་བླངས་པ། ཁྲང་ཁྲུན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་དང་། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལུའུ་ཧྥུན་གྱིས་(2018ལོའི་ཟླ་2པར་གནས་སྐབས་སུ་སྨན་རྫས་ལྟ་སྐུལ་དོ་དམ་ལས་དོན་གྱི་འགན་ཁུར་བ་དང་། 2018ལོའི་ཟླ་4པ་ནས་ད་ལྟའི་བར་དུ་སྨན་རྫས་ལྟ་སྐུལ་ལས་དོན་གྱི་འགན་ཁུར་བ་རེད)ཅི་ལིན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁྲང་ཁྲུན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་སྲིད་གཞུང་བཅས་ལ་སྐྱོན་ཞིབ་ཟབ་མོ་བྱ་རྒྱུའི་བཀའ་ཕབ་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།