ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་འགོ་འཛིན་མཛད་དེ་ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་གྲོང་ཁྱེར་གྱི་ཚོགས་འཛུགས་སྐྲུན་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འགོ་འཛིན་མཛད་དེ་ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས།

ཧན་ཀྲིན་གྱིས་གསུངས་རྒྱུར། ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་ཇུས་འགོད་དང་དངོས་སུ་བཀོད་སྒྲིག དངོས་སུ་ལག་བསྟར་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཡིན་ལ། དུས་རབས་གསར་བར་ཁྱོན་ཡོངས་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གསར་བ་ཞིག་ཡིན་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལས་དོན་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བའི་ལག་ལེན་གསར་བ་ཞིག་ཀྱང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ་དང་ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་ཕྱོགས་བསྡུས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། གསོན་ཤུགས་ལྡན་ཞིང་རྒྱལ་སྤྱིའི་འགྲན་རྩོད་ལྡན་པའི་འཛམ་གླིང་རིམ་པའི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་དགོས་པར་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ཞིག་གསར་སྐྲུན་བྱེད་དགོས་ཞེས་གསུངས།

ཧན་ཀྲིན་གྱིས་གསུངས་རྒྱུར། ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་སྐབས། ངེས་པར་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྤྱི་ཁོག་ནང་ནས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་དོན་དག་སྒྲུབ་དགོས་པ་དང་། རྒྱལ་ཁབ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་ལམ་ལུགས་གཉིས་ཀྱི་ཕན་ཁེ་བཀོལ་ཤེས་བྱས་ནས། ཞང་ཀང་དང་ཨོན་མིན་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་བསྲེས་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།