ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཚན་12ཀྱིས་མཉམ་འབྲེལ་ཐོག་ཡིག་ཆ་བཏོན་ནས་སྲིད་ཇུས་སྔོན་ལ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2018-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ་སོགས་དམག་དཔུང་དང་ས་ཁུལ་གྱི་སྡེ་ཚན་12ཀྱིས་མཉམ་འབྲེལ་ཐོག་《དུས་རབས་གསར་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་ཞུགས་ལས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་ལ་《བསམ་འཆར་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད། 《བསམ་འཆར་》ནང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ནི་མི་ཤུགས་ཐོན་ཁུངས་གལ་ཆེན་ཞིག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུ་ནི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་རང་ངོས་རིན་ཐང་མངོན་འགྱུར་ཡོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་རྒྱུ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད་ཅེས་མཛུབ་སྟོན་གནང་བ་རེད།

《བསམ་འཆར་》ནང་ཁ་གསལ་བཏོན་དོན། དུས་རབས་གསར་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། སྲིད་གཞུང་གིས་སྐུལ་འདེད་དང་། སྲིད་ཇུས་སྔོན་ལ་ལག་བསྟར། ཁྲོམ་རའི་ཕྱོགས་སྟོན། དགོས་མཁོའི་སྣེ་ཁྲིད། རང་མོས་གདམ་ག རང་བརྟེན་བྱ་སྤྱོད། སྤྱི་ཚོགས་ཀྱི་རྒྱབ་སྐྱོར། ཕྱོགས་ཁག་ཞུགས་པ་བཅས་མཐའ་འཁྱོངས་ཀྱིས་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིར་ཡོངས་ཁྱབ་རང་བཞིན་གྱི་ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་སྲིད་ཇུས་དང་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་པའི་རྨང་གཞིའི་ཐོག་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་འགན་ལེན་བྱེད་དགོས།

《བསམ་འཆར་》ནང་བླང་བྱ་བཏོན་དོན། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་ཞུགས་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་རིམ་པ་མང་བ་དང་སྣ་ཁ་མང་བའི་སློབ་གསོ་གསོ་སྦྱོང་གི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་སློབ་གསོ་གསོ་སྦྱོང་དེ་རྒྱལ་ཁབ་ཀྱི་སློབ་རྒྱུས་སློབ་གསོ་དང་ལས་རིགས་སློབ་གསོའི་མ་ལག་ནང་འཇུག་པ་དང་། མཐོ་སློབ་དཀྱུས་མ་དང་ལས་རིགས་སློབ་གླིང་དང་སློབ་གྲྭ་སོགས་ཀྱི་སློབ་གསོའི་ཐོན་ཁུངས་ལ་བརྟེན་པ། དངོས་ཞབས་དམག་མི་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་སློབ་གསོ་གསོ་སྦྱོང་ཕན་ཚུན་སྦྲེལ་མཐུད་དང་། སློབ་རྒྱུས་སློབ་གསོ་དང་རྩལ་ནུས་གསོ་སྦྱོང་གཉིས་ཕན་ཚུན་ཁ་གསབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཤེས་བྱའི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་དགོས།

《བསམ་འཆར་》ནང་བླང་བྱ་བཏོན་དོན། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་གཏོད་ཁོར་ཡུག་ལེགས་སུ་བཏང་སྟེ་སྲིད་གཞུང་གི་མ་འཇོག་གམ་ཡང་ན་སྤྱི་ཚོགས་ཀྱིས་མཉམ་སྐྲུན་བྱས་པའི་ལས་གཏོད་སྐྱོང་སྤེལ་རྟེན་གཞི་དང་ལས་གཏོད་གླིང་ཁུལ་དུ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ཆེད་མངགས་ཁུལ་བཙུགས་ཏེ་ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་གཏོད་སྐྱོང་སྤེལ་རྟེན་གཞི་འཛུགས་དགོས།

《བསམ་འཆར་》ནང་ནན་བཤད་བྱས་དོན། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་ཞུགས་ལས་གཏོད་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་འགན་ཁག་བགོས་ཁ་གསལ་བྱེད་པ། གྲུབ་འབྲས་དཔྱད་ཞིབ་ནང་འཇུག་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། ཕན་འབྲས་རྗེས་སྙེག་འདྲི་རྩད་ནན་པོ་བྱེད་པ་བཅས་ཀྱི་ཐོག་ནས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།