ཀྲུང་གོ་བོད་ཀྱི་དྲ་བ།

​རྒྱལ་སྤྱིའི་གྲོང་ཁྱེར་རྒྱུན་སྲིང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་ཚོགས་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་གྲོང་ཁྱེར་རྒྱུན་སྲིང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་ཚེས་གཅིག་ཉིན་ཁྲིན་ཏུའུ་ནས་ཚོགས་འགོ་བརྩམས། འཛམ་གླིང་ནས་ཡོང་བའི་སྐུ་མགྲོན་ལྔ་བརྒྱ་ཙམ་གྱིས་གསར་གཏོད་ལ་བརྟེན་ནས་དཔལ་འབྱོར་གསར་པ་དང་སྒུལ་ནུས་གསར་པར་སྐུལ་ཁྲིད་བྱེད་པ་དང་། ཐཱན་ཉུང་གྲོང་ཁྱེར་གྱིས་ལྗང་མདོག་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱིས་ཞང་སྡེ་དར་སྤེལ་གཏོང་བ་སོགས་གྲོས་གཞི་དྲུག་གི་ཐད་ནས་གྲོས་སྡུར་བྱས་ལ། ཁོ་ཚོས་མ་འོངས་པའི་ཀྲུང་གོ་དང་འཛམ་གླིང་གིས་ཇི་ལྟར་གསར་གཏོད་དང་བསྒྱུར་བཅོས་ལ་བརྟེན་ནས་གྲོང་ཁྱེར་གྱི་དཔལ་འབྱོར་འཕར་སྣོན་དང་། སྤྱི་ཚོགས་འཕེལ་རྒྱས། ཐོན་ཁུངས་བཀོལ་སྤྱོད་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཕྱོགས་ཀྱི་རྒྱུན་སྲིང་འཕེལ་རྒྱས་མངོན་འགྱུར་བྱེད་པར་དོ་སྣང་ཆེན་པོ་བྱས།

གླེང་སྟེགས་སྟེང་། མཉམ་འབྲེལ་རྒྱལ་ཚོགས་སྡོད་གནས་ཧྲུའུ་དང་ཀྲུང་གོའི་གྲོང་ཁྱེར་དང་གྲོང་རྡལ་ཆུང་བའི་ལྟེ་གནས་ཀྱིས་རྒྱལ་སྤྱིའི་རྒྱུན་སྲིང་འཕེལ་རྒྱས་ཚོད་ལྟའི་གྲོང་ཁྱེར་གྱི་ཁྲིད་སྟོན་སྒྲིག་སྲོལ་ཞེས་པ་བསྒྲགས་ནས། ཚོད་ལྟའི་གྲོང་ཁྱེར་སྐོར་དང་པོའི་འཕེལ་རྒྱས་དང་རྒྱལ་སྤྱིའི་ཉམས་མྱོང་བརྗེ་རེས་ཐད་ནས། ཚོད་ལྟའི་གྲོང་ཁྱེར་ལ་མ་འོངས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཇུས་འགོད་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།