ཀྲུང་གོ་བོད་ཀྱི་དྲ་བ།

ཕིང་ལི་ཡོན་བུ་བཅོལ་ཁང་གི་དགེ་རྒན་གྱི་སྦྱོང་བརྡར་སློབ་ཐོན་མཛད་སྒོར་ཞུགས་གནང་བ།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།     སྤེལ་དུས། : 2018-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020180726365243430369.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱི་བུ་མོ་ཆུང་ཆུང་དང་བུད་མེད་ཀྱི་སློབ་གསོར་སྐུལ་འདེད་གཏོང་བའི་དམིགས་གསལ་ཕོ་ཉ་ཕིང་ལི་ཡོན་གྱིས་པེ་ལི་ཐོ་ལི་ཡར་གཉེར་བའི་བུ་བཅོལ་ཁང་གི་དགེ་རྒན་གྱི་སྦྱོང་བརྡར་གྱི་སློབ་ཐོན་མཛད་སྒོར་ཞུགས་ཡོད་པ་རེད།

W020180726365243456540.jpg

ཕིང་ལི་ཡོན་གྱིས། དགེ་རྒན་ནི་བླ་ན་མེད་པའི་ལས་རིགས་ཤིག་རེད། དགེ་རྒན་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་རེ་སྒུག་དང་མངག་བཅོལ་ཆེན་པོ་བློ་ངོར་བརྟན་པོར་ངེས་པ་དང་། ཀུན་སྤྱོད་ལ་བརྟེན་ནས་སློབ་ཁྲིད་དང་། ཀུན་སྤྱོད་ལ་བརྟེན་ནས་རང་དཔེ་གཞན་སྟོན་བྱེད་པ། བྱམས་སེམས་ཀྱི་བསམ་པ་དུས་དང་རྣམ་པ་ཀུན་དུ་བཅངས་པ། དུས་དང་རྣམ་པ་ཀུན་དུ་སློབ་སྦྱོང་ལ་འབད་བརྩོན་དང་སྙིང་རུས་ཆེར་སྐྱེད་བྱས་ཚེ། ད་གཟོད་གཞི་ནས་སློབ་མ་རྣམས་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་བར་རོགས་རམ་སྔར་ལས་ལྷག་པ་ཐུབ་ནས་ཁོང་ཚོའི་ཕུགས་འདུན་མངོན་འགྱུར་ཡོང་བ་དང་། རྒྱལ་ཁབ་དར་རྒྱས་དང་མི་རིགས་འབྱོར་ཕྱུག་གི་བྱ་གཞག་རྒྱུན་འཛིན་བྱེད་མཁན་ལ་འགྱུར་རྒྱུ་རེད། འདིར་བཞུགས་པའི་དགེ་རྒན་དང་སློབ་ཕྲུག་རྣམས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་མཛའ་གྲོགས་མཉམ་ལས་ཀྱི་བྱ་གཞག་ནང་ཧུར་ཐག་ཞུགས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་འབྲེལ་བའི་གོང་འཕེལ་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད་པ་རེད།

W020180726365243471943.jpg

བུ་བཅོལ་ཁང་གི་དགེ་རྒན་གྱི་སྦྱོང་བརྡར་ནི་ཨ་ཧྥེ་རི་ཁའི་རང་འདེམས་ཐེབས་རྩ་ཚོགས་པས་བྱིས་པའི་ཐོག་མའི་སློབ་གསོའི་རྣམ་གྲངས་ཀྱི་རྣམ་པ་གཙོ་བོ་ཞིག་ཡིན་པ་དང་། ད་ལྟའི་བར་དབུལ་ཕོངས་དང་ཉམས་ཞན་སྡེ་ཁུལ་གྱི་བུ་བཅོལ་ཁང་གི་དགེ་རྒན་ཆིག་སྟོང་ལྷག་ཙམ་ལ་སྦྱོང་བརྡར་སྤྲད་པ་མ་ཟད། དུས་བཀག་ལྟར་སྦྱོང་བརྡར་ལེགས་སྒྲུབ་ཟིན་པའི་བུ་བཅོལ་ཁང་གི་དགེ་རྒན་ལ་སློབ་ཐོན་མཛད་སྒོ་གཉེར་བ་ཞིག་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།