ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཡོམ་འགོག་གནོད་སེལ་བཅའ་ཁྲིམས་སྐོར་ནས་ཁྲིམས་འཛིན་ཞིབ་བཤེར་བྱེད་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཡོམ་འགོག་གནོད་སེལ་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གིས་ཚེས་བཅུ་བདུན་ཉིན་པེ་ཅིན་ནས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། ཟླ་བདུན་པ་དང་ཟླ་དགུ་པའི་བར་དུ་ཅི་ལིན་སོགས་ཞིང་ལྗོངས་དྲུག་ལ་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་མངགས་ནས་ཞིབ་བཤེར་བྱེད་རྒྱུའི་ཐག་བཅད། དེ་དང་མཉམ་དུ་ཧི་པེ་སོགས་ཞིང་ལྗོངས་དང་གྲོང་ཁྱེར་བཅུའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་མངགས་བཅོལ་བྱས་ཏེ་རང་སྲིད་འཛིན་ས་ཁུལ་གྱི་ཁུལ་ཁོངས་ནས་ཡོམ་འགོག་གནོད་སེལ་བཅའ་ཁྲིམས་ཀྱི་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱེད་དུ་འཇུག་རྒྱུ་རེད།

ཐེངས་འདིར་གཙོ་བོ་རིམ་པ་སོ་སོའི་སྲིད་གཞུང་གིས་ཡོམ་འགོག་གནོད་སེལ་འགན་འཁྲི་ལམ་ལུགས་དངོས་འབེབས་བྱེད་པ་དང་བྱེད་ཐབས་ཞིབ་མོ་གཏན་ཁེལ་བྱས་ནས་བཅའ་ཁྲིམས་ལག་བསྟར་ལ་ཡར་སྐུལ་བྱེད་པའི་གནས་ཚུལ་དང་། ས་འགུལ་བརྟག་དཔྱད་ཁང་དང་བརྟག་དཔྱད་དྲ་བའི་འཆར་འགོད་དང་འཛུགས་སྐྲུན། འཁོར་སྐྱོད་གནས་ཚུལ། འཛུགས་སྐྲུན་བཟོ་སྐྲུན་དང་ལྷག་པར་དུ་སློབ་གྲྭ་དང་སྨན་ཁང་། ཞིང་སྡེའི་སྡོད་ཁང་གི་ཡོམ་འགོག་གནས་ཚུལ། ཉེན་སེལ་རྒུད་སྐྱོབ་དང་ཉེན་གཡོལ་བྱེད་སའི་འཆར་འགོད་འཛུགས་སྐྲུན་དང་ས་ཡོམ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་གནས་ཚུལ་སོགས་ལ་ཞིབ་བཤེར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།