ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་ཡོབ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་པས་མཉམ་དུ་གསར་འགོད་པར་ཐུགས་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལིས་ཁི་ཆང་དང་ཡོབ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་པ་མཉམ་དུ་གསར་འགོད་པར་ཐུགས་འཕྲད་བྱེད་དུས་སུ། ཕྱོགས་གཉིས་ཀྱིས་གཅིག་གྱུར་གྱིས་ཀྲུང་གོ་དང་ཡོ་རོབ་གླིང་གིས་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་ཉོ་ཚོང་མཉམ་འབྲེལ་གཏིང་ཟབ་ཏུ་བཏང་ནས། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱས་ནས། འཛམ་གླིང་ཞི་བདེ་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་བརྩོན་དགོས་པར་འདོད།

དྲི་ལན་འདེབས་དུས། ལིས་ཁི་ཆང་གིས་བསྟན་དོན། དེ་རིང་ཕྱོགས་གཉིས་ཀྱིས་དངུལ་གཏོང་གྲོས་ཆོད་གསལ་ཐོའི་རིན་གོང་བརྗེ་རེས་བྱས་ཏེ། དོན་དངོས་ཀྱི་འགུལ་སྐྱོད་སྟེང་ནས་ཕྱི་ཕྱོགས་སུ་ཀྲུང་གོ་དང་ཡོབ་གླིང་གིས་མཉམ་དུ་ཉོ་ཚོང་དང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་ནས། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་དང་། ཉོ་ཚོང་ཕྱོགས་མང་ལམ་ལུགས་ལ་ཧུར་ཐག་གིས་རྒྱབ་སྐྱོར་གནང་ནས། ཕྱོགས་གཉིས་ཀ་མི་འགྱངས་བར་ཐུན་མོང་གི་འགུལ་སྐྱོད་ཆགས་པའི་རེ་བ་ཡོད་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཤུགས་ཆེན་པོས་ཡོབ་གླིང་མནའ་འབྲེལ་འཕེལ་རྒྱས་ལ་ཉོ་ཚོང་དོ་མཉམ་གྱི་འབྲེལ་བ་འཛུགས་རྒྱུ་ཡིན་ལ། རེ་བ་ཡིན་ན། ཡོབ་གླིང་གི་ཁེ་ལས་ཀྱིས་ཀྲུང་གོས་ཕྱི་ཕྱོགས་ལ་སྔར་ལས་སྒོ་འབྱེད་པའི་ཚོང་ལས་གོ་སྐབས་དམ་འཛིན་བྱེད་པ་དང་། ཡོབ་གླིང་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁེ་ལས་ལ་ཡོབ་གླིང་ཉོ་ཚོང་དངུལ་གཏོང་ཁྲོད་དུ་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱ་བར་རེ་བ་ཞུས་པ་ཡིན་ཟེར།

ཐུའུ་སི་ཁུ་དང་རོང་ཁུ་གཉིས་ཀྱིས་བསྟན་དོན། ཡོབ་གླིང་ཕྱོགས་ཀྱིས་ཀྲུང་གོ་འཛམ་གླིང་གི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད་པ་མཐོང་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྩ་དོན་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྟེང་དུ་རྒྱལ་སྤྱིའི་གོ་རིམ་གྱི་འབྲེལ་བ་འཛུགས་འདོད་ཡོད་ཟེར།

ལིས་ཁི་ཆང་དང་རོང་ཁུ་གཉིས་ད་དུང་ཀྲུང་གོ་དང་ཡོབ་གླིང་གི་ཁེ་ལས་པའི་གཟབ་ཚོགས་འགོ་རྩོམ་མཛད་སྒོའི་སྟེང་ཞུགས་ནས། ཕྱོགས་གཉིས་ཀྱི་ཁེ་ལས་པས་ཀྲུང་གོ་དང་ཡོབ་གླིང་གི་མཉམ་འབྲེལ་གཏིང་ཟབ་ཏུ་གཏོང་པའི་ཐད་ཀྱི་བསམ་འཆར་དང་བློ་འདོན་ལ་ཉན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།