ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཨ་ཀུན་ཐིན་སྤྱི་མཐུན་རྒྱལ་ཁབ་ཧྥང་ཨན་ཏང་གི་ལྟ་ཞིབ་ཚོགས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ནས་ཧྥང་ཨན་ཏང་གི་ཀྲུའུ་ཞི་སི་ཆི་ཡ་ཝོ་ཉི་ཡིས་ཁྲིད་པའི་ཨ་ཀུན་ཐིན་སྤྱི་མཐུན་རྒྱལ་ཁབ་ཧྥང་ཨན་ཏང་གི་ལྟ་ཞིབ་ཚོགས་པར་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་ཀུན་ཐིན་གཉིས་ནི་གསར་དར་ཁྲོམ་རའི་རྒྱལ་ཁབ་གཙོ་བོ་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཆ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་མཱ་ཁུ་ལི་དང་ཐེངས་གསུམ་ལ་ཐུག་འཕྲད་བྱས་ཏེ་དུས་རབས་གསར་པའི་ནང་ཀྲུང་གོ་དང་ཨ་ཀུན་ཐིན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་ཇུས་འགོད་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཁ་ཕྱོགས་གསལ་བོ་བསྟན། ཆབ་སྲིད་ཡིད་ཆེས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་དང་། སྲིད་ཏང་བརྗེ་རེས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཨ་ཀུན་ཐིན་སྤྱི་མཐུན་རྒྱལ་ཁབ་ཧྥང་ཨན་ཏང་དང་མཉམ་དུ་རྣམ་པ་གསར་པའི་སྲིད་ཏང་འབྲེལ་བ་བཙུགས་ཏེ་ཕན་ཚུན་སློབ་སྦྱོང་དང་བརྗེ་རེས་བྱས་ནས་ཀྲུང་གོ་དང་ཨ་ཀུན་ཐིན་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་འདོད་ཡོད་ཟེར།

སི་ཆི་ཡ་ཝོ་ཉི་ཡིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོར་སྣེ་ཁྲིད་བྱས་ཏེ་བླངས་པའི་གྲུབ་འབྲས་ནི་དེང་རབས་ལོ་རྒྱུས་སྟེང་ཆེས་རླབས་ཆེ་བའི་འཕོ་འགྱུར་ཞིག་ཡིན། ཨ་ཀུན་ཐིན་ཕྱོགས་ཀྱིས་ཨ་ཀུན་ཐིན་དང་ཀྲུང་གོ་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ་ཕྱོགས་གཉིས་ཀྱི་མཉམ་ལས་སྤུས་ཚད་མཐོར་འདེགས་གཏོང་བ་དང་། ཨ་ཀུན་ཐིན་སྤྱི་མཐུན་རྒྱལ་ཁབ་ཧྥང་ཨན་ཏང་གིས་ཀྲུང་གོ་ཕྱོགས་ཀྱི་འཕེལ་རྒྱས་ཉམས་མྱོང་དཔྱད་གཞིར་བཟུང་སྟེ་ཏང་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།