ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས2359སྲུང་སྐྱོང་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧོ་ཧྭ་ཡིས་ཚེས11ཉིན2018ལོའི་ཀྲུང་གོའི་ས་ཁམས་མཚོན་རྟགས་སྲུང་སྐྱོང་དང་འཕེལ་རྒྱས་གླེང་སྟེགས་ཐོག་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ས་ཁམས་མཚོན་རྟགས་ཐོན་རྫས་རྒྱལ་སྤྱིའི་ཐོག་ཕན་ཚུན་ཁས་ལེན་དང་ཕན་ཚུན་སྲུང་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་ཧུར་ཐག་བཏང་ནས། ས་ཁམས་མཚོན་རྟགས་ཐོན་རྫས་ཀྱིས་དབུལ་སྐྱོར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་དགོས་ཞེས་བརྗོད།

རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་གྲངས་གཞི་ལས་མངོན་གསལ། 2018ལོའི་ཟླ6པའི་ཟླ་མཇུག་བར་རང་རྒྱལ་གྱིས་རིམ་རྩིས་ལྟར་ན་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས2359སྲུང་སྐྱོང་བྱས་ཡོད་པ་དང་། རིམ་རྩིས་ལྟར་ན་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་སྲུང་སྐྱོང་དཔེ་སྟོན་ཁུལ24བསྐྲུན་ཡོད་པ། རིམ་རྩིས་ལྟར་ན་ཆེད་སྤྱོད་མཚོན་རྟགས་སྤྱོད་པའི་ཁེ་ལས8091ལ་ཞིབ་དཔྱད་ཆོག་འཐུས་སྤྲད་པར་འབྲེལ་ཡོད་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་ཟིན་ཡོད་པ་རེད།  །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།