ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ལེན་ཀྲན་འཁོར་དང་བཅས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

116c61751a85a57b0db6d3d6f8af37ed.jpg

ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཟུར་པ་ལེན་ཀྲན་གྱིས་ཁྲིད་པའི་ཐེ་ཝན་ལས་རིགས་ཁག་གི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཟུར་པ་ལེན་ཀྲན་གྱིས་ཁྲིད་པའི་ཐེ་ཝན་ལས་རིགས་ཁག་གི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་། ཝང་དབྱང་གིས་བསྟན་དོན། དེ་རིང་སྔ་དྲོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་ལེན་ཀྲན་ལ་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གལ་ཆེན་སྤེལ་ཏེ། ཁྱོན་ཡོངས་ནས་དེང་སྐབས་ཀྱི་མཚོ་འགག་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་ཁ་ཕྱོགས་གསལ་བོ་བསྟན་པ་དེར་མཚོན་ན། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཐད་ལ་ནུས་པ་གང་ཡོད་འདོན་རྒྱུར་མཛུབ་སྟོན་རང་བཞིན་གྱི་ནང་དོན་གལ་ཆེན་ལྡན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དངོས་འབེབས་བྱས་ཏེ། རྒྱ་ཆེའི་ཐེ་ཝན་སྤུན་ཟླ་དང་མཉམ་དུ་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་སུ་འགྲོ་བ་དང་མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལེན་ཀྲན་གྱིས་བསྟན་དོན། རྒྱ་ཆེའི་ཐེ་ཝན་སྤུན་ཟླའི་སེམས་ཁོངས་སུ་ཀྲུང་ཧྭའི་རིག་གནས་དང་མི་རིགས་ཀྱི་ངོས་འཛིན་ལྟ་བ་ཟབ་མོ་ཆགས་ཡོད། དེང་སྐབས་ཐེ་ཝན་མཚོ་འགག་གི་གནས་བབ་གཏན་འཇགས་མིན་ལ་ཉེན་ཁ་སྣ་ཚོགས་ཡོད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་འགྲོ་བར་དོ་ཁུར་བྱེད་པའི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་མཚོན་ན་དེ་ནི་ཆེས་སེམས་ཁུར་བྱེད་པའི་གནས་ཤིག་ཡིན་པར་མ་ཟད། དེ་ནི་ཐེ་ཝན་སྤུན་ཟླའི་རྩ་བའི་ཁེ་ཕན་དང་ཡང་གཏན་ནས་མི་མཐུན། ཀྲུང་ཧྭའི་བུ་བུ་མོ་ཚང་མ་གྲགས་འགུལ་མེད་པར་མི་སྡོད་པར་མི་རིགས་ཀྱི་དོན་ཆེན་མཉམ་དུ་ཁག་ཁུར་བྱས་ཏེ། ཐེ་ཝན་མཚོ་འགག་ཞི་བདེ་གཏན་འཇགས་ཡོང་བ་དང་མི་རིགས་ཀྱི་བསྐྱར་དར་ལ་མཉམ་དུ་ཇུས་འགོད་བྱེད་པར་སྟོབས་ཤུགས་འདོན་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།