ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྲུན་སྤེལ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་སྤེལ་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཐོག་མར་ཆབ་སྲིད་ལས་ཁུངས་ཡིན་པས། ངེས་པར་དུ་དར་ཆ་མཐོན་པོར་བསྒྲེང་ནས་ཆབ་སྲིད་གླེང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་སྤེལ་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འདུ་ཤེས་བཞི་བརྟན་པོར་འཛུགས་པ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་མིག་དཔེ་སྟོན་པ། ནམ་ཡང་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་པའི་ཐད་ནས་མིག་དཔེ་སྟོན་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པའི་ཐད་ནས་མིག་དཔེ་བསྟན་ཏེ། ཏང་ཀྲུང་དབྱང་སེམས་བདེ་བ་དང་མི་དམངས་མང་ཚོགས་ཡིད་ཚིམ་པའི་དཔེ་སྟོན་ལས་ཁུངས་འཛུགས་སྐྲུན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་བྱ་བར་གཅིག་གྱུར་འགོ་ཁྲིད་བྱེད་པའི་ཆབ་སྲིད་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། པུའུ་དང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་དང་ཏང་ཨུས་ལས་ཁུངས་ཀྱི་ཏང་འཛུགས་གཙོ་གཞིའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པར་མཛུབ་སྟོན་དང་ལྟ་སྐུལ་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་གཅིག་གྱུར་འགོ་ཁྲིད་དུ་བྱེད་པ། མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་བྱེད་པའི་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་བཏང་སྟེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་དང་ལས་དོན་སྣ་ཚོགས་ཐད་ཀྱི་རྣམ་པ་གསར་བ་བསྐྲུན་དགོས་པའི་རེ་བ་བཏོན།  །
 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།