ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

ཟླ7པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡི་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་འགོ་འཛིན་མཛད་ནས་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡི་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་འགོ་འཛིན་མཛད་ནས་བཞུགས་མོལ་ཚོགས་འདུ་བསྡུས། ཧན་ཀྲིན་གྱིས་གཙོ་བོ་ཨེ་འགོག་སྨན་རྫས་ཀྱི་རིན་གོང་ཇེ་དམར་གཏོང་བ་བ་དང་། སྨན་རིན་སྤྲོད་ཐབས་བཅོས་སྒྱུར་བྱེད་པ། གོང་མཐོའི་སྨན་བཅོས་རྒྱུ་ཆ་ཚད་ལས་བརྒལ་ནས་བཀོལ་སྤྱོད་བྱེད་པར་བཅོས་སྐྱོང་བྱེད་པ་སོགས་ཀྱི་བྱ་བ་སྒྲུབ་པའི་གནས་ཚུལ་ལ་རྒྱུས་ལོན་མཛད་པར་མ་ཟད། སྨན་བཅོས་འགན་སྲུང་ལམ་ལུགས་ཀྱི་བཅོས་སྒྱུར་དང་། སྨན་བཅོས་འགན་སྲུང་དབུལ་སྐྱོར། སྨན་བཅོས་རོགས་སྐྱོབ་སོགས་བྱ་བར་རྟོག་ཞིབ་མཛད་ལ། ཡུལ་གཞན་སྨན་བཅོས་རིན་སྤྲོད་སྟེགས་བུའི་བཀོལ་སྟངས་ལ་བལྟས་ནས། ཡུལ་གཞན་ནས་སྨན་བཅོས་བྱས་ཏེ་ཐད་ཀར་སྨན་རིན་རྩིས་རྒྱག་པའི་བྱ་བའི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། ལས་བྱེད་པ་དང་ལས་བཟོ་པར་བརྗེ་རེས་ཟབ་མོ་མཛད།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་བཙུགས་པ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་ལ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་གྲུབ་ཆ་གལ་ཆེན་ཡིན་པས། ལེགས་སྒྱུར་མཐུན་སྦྱོར་ཕན་མཐོའི་རྩ་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་བཅོས་སྒྱུར་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། སྨན་བཅོས་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་པ་དང་། ནད་ཕོག་ན་སྨན་བཅོས་བྱེད་ཐུབ་པར་སྔར་ལས་འགན་སྲུང་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། གཅིག་གྱུར་ཡིན་པའི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་ལམ་ལུགས་དང་ནད་རིགས་ལྕི་མོའི་ཉེན་ཚབ་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དོ་མི་མཉམ་པ་དང་ཕུན་སུམ་ཚོགས་པ་མིན་པའི་གནད་དོན་ཧུར་ཐག་གིས་ཐག་གཅོད་དགོས། གཞི་རྩའི་སྨན་བཅོས་ཀྱི་དགོས་མཁོར་དམ་དུ་དམིགས་ནས། མི་དམངས་མང་ཚོགས་ཀྱི་ཆེས་དགོས་གཏུག་ཆེ་བའི་རེ་འདོད་བསྐོང་དགོས། སྨན་བཅོས་འགན་སྲུང་གི་དངུལ་བསྡུའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་འགན་སྲུང་གི་ཐེབས་རྩའི་དོ་དམ་ཇེ་དྲག་ཏུ་བཏང་ནས། སྨན་བཅོས་འགན་སྲུང་གི་མ་དངུལ་ལུགས་མཐུན་གྱིས་བཀོལ་སྤྱོད་བྱེད་དགོས། སྨན་བཅོས་འགན་སྲུང་གི་རྨང་གཞི་རང་བཞིན་དང་ཁྲིད་སྟོན་རང་བཞིན་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། སྨན་བཅོས་དང་། འགན་སྲུང་། སྨན་རྫས་བཅས་ཕྱོགས་གསུམ་མཉམ་འགུལ་ཡོང་བར་བྱས་ནས། སྨན་བཅོས་བཅོས་སྒྱུར་མཐུན་སྦྱོར་སྒོས་སྤེལ་བའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།