ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

ས་དེའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པོ་ལིན་གྱི་ཙུང་ལི་བཞུགས་ཤག་ནས་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་མཛད་གོང་། མཱོ་ཁི་ཨར་གྱིས་ཙུང་ལི་བཞུགས་ཤག་མདུན་གྱི་ཐང་ཆེན་ནས་ལིས་ཁི་ཆང་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པོ་ལིན་གྱི་ཙུང་ལི་བཞུགས་ཤག་ནས་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན་ནི་འཛམ་གླིང་གི་དཔལ་འབྱོར་ཚོགས་པ་གཙོ་བོ་ཡིན་པའི་ཆ་ནས། དེང་སྐབས་རྒྱལ་སྤྱིའི་གནས་བབ་ལ་ངེས་གཏན་དང་གཏན་འཇགས་མིན་པའི་རྒྱུ་རྐྱེན་འབུར་དུ་ཐོན་པའི་རྒྱབ་ལྗོངས་འོག་ཏུ། སྔར་ལས་ཀྱང་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་ཟབ་མོར་སྤེལ་བ་དང་། མཉམ་དུ་རང་དབང་ཉོ་ཚོང་དང་འདྲ་མཉམ་ཉོ་འཚོང་ལ་རྒྱབ་སྐྱོར་བྱེད་པ་དང་། འདྲ་མཉམ་དྲང་བདེན་གྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲྲུང་སྐྱོབ་བྱེད་པའི་བརྡ་བཟང་པོ་བསྟན་ནས། གོ་ལ་ཧྲིལ་པོའི་ཉོ་འཚོང་འཕར་སྣོན་དང་འཛམ་གླིང་དཔལ་འབྱོར་གྱི་རྒྱུན་སྲིང་བསྐྱར་དར་ལ་ཡར་སྐུལ་བྱེད་དགོས།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་འཇར་མན་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཕན་ཚུན་བཟོད་སྒོམ་བྱེད་པ། འདྲ་མཉམ་གྱིས་འགྲན་རྩོད་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ་འབྲེལ་བ་གོང་འཕེལ་དུ་ཏོང་བ་དང་། མཉམ་ལས་བྱས་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་སྔར་ལས་བཟང་པོ་བྱེད་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་འཇར་མན་ནས་མ་དངུལ་གཏོང་བར་འདྲ་མཉམ་དྲང་གཞག་གི་ཐོབ་ཐང་སྤྲོད་རྒྱུ་དང་། མཐོ་གསར་ལག་རྩལ་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་དང་ཀྲུང་གོའི་ཁེ་ལས་འཇར་མན་གྱི་ཁྲོམ་རར་འཇུག་ཚད་རྒྱ་བསྐྱེད་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།

མཱོ་ཁི་ཨར་གྱིས་བཤད་རྒྱུར། དེང་སྐབས་ཀྱི་རྒྱལ་སྤྱིའི་རྒྱབ་ལྗོངས་འོག་ཏུ། འཇར་མན་དང་ཀྲུང་གོས་དཔལ་འབྱོར་ཉོ་འཚོང་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་ནས། ལྷག་བསམ་རྣམ་དག་གིས་སྒོ་འབྱེད་འབྲེལ་འདྲིས་བྱེད་པར་དོན་སྙིང་སྔར་ལས་ཆེན་པོ་ལྡན། འཇར་མན་ཀྲུང་གོས་སྒོ་འབྱེད་རྒྱ་བསྐྱེད་པའི་བྱེད་ཐབས་འཇར་མན་དང་ཀྲུང་གོའི་མཉམ་ལས་ཁྲོད་ནས་སྔོན་ལ་དངོས་འབེབས་བྱེད་པར་རེ་སྒུག་བྱས་ཡོད་ལ། ཀྲུང་གོའི་ཁེ་ལས་འཇར་མན་ལ་མ་དངུལ་གཏོང་དུ་ཡོང་བར་དགའ་བསུ་ཞུ་བཞིན་ཡོད་ཟེར།

གྲོས་མོལ་གྱི་སྔོན་ལ། མཱོ་ཁི་ཨར་གྱིས་ཙུང་ལི་བཞུགས་ཤག་མདུན་གྱི་ཐང་ཆེན་ནས་ལིས་ཁི་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས།

ཞའོ་ཅེ་དང་ཧི་ལིས་ཧྥེང་གཉིས་གོང་གི་བྱ་འགུལ་ལ་ཞུགས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།