ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།


93e48d1430a3689a525f7dcb41589341.jpg

 རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་ཟླ་བདུན་པའི་ཚེས་དགུ་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཚོགས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་མཛད་པར་མ་ཟད་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་ཟླ་བདུན་པའི་ཚེས་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་ཚོགས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་མཛད་པ་མ་ཟད་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ཕུལ།

ལིས་ཀྲན་ཧྲུའུ་ཡིས་སྙན་ཞུ་འབུལ་སྐབས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱས་པ་དང་། འཐབ་ཇུས་བསམ་བློ་རབ་དང་རིམ་པ་བཏོན་ལ། ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པ་བཏོན་པ་དང་། ཤུགས་ཆེན་པོ་དང་བྱེད་ཐབས་བཟང་བོ་སྤྱད་དེ་བཙོག་བཟོ་འགོག་བཅོས་བྱ་བ་བཟང་བོར་བསྒྲུབས་པས། སྔ་ན་མེད་པའི་གྲུབ་འབྲས་མངོན་གསལ་བླངས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཙོག་བཟོ་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པའི་མཆན་བཀོད་མཛུབ་སྟོན་དང་བླང་བྱ་གལ་ཆེན་ལ་དམིགས་ནས། ཟླ་ལྔ་བ་ནས་ཟླ་དྲུག་པའི་ནང། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་སོ་སོར་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་དུ་སོང་ནས་ཞིབ་བཤེར་བྱ་བ་སྤེལ་བ་དང་། དེ་དང་མཉམ་དུ་ཞིང་ཆེན་དང་ས་ཁུལ། གྲོང་ཁྱེར་ཉེར་གསུམ་གྱི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་བཤེར་བྱེད་རྒྱུར་བཀའ་མངག་བྱས་ནས། ཁྲིམས་འཛིན་ཞིབ་བཤེར་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས། བཅའ་ཁྲིམས་ལག་བསྟར་བྱས་པའི་སྤྱིའི་གནས་ཚུལ་ལ་བལྟས་ན། སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་ཡོད་པ་དང་། མཁའ་དབུགས་བཙོག་བཟོ་འགོག་བཅོས་ཀྱི་ཁྲིམས་སྐྱོང་འགན་སྲུང་སྔར་ལས་ཇེ་བརྟན་ཏུ་གྱུར་ཡོད་ལ། ཁྲིམས་ལྟར་མཁའ་དབུགས་བཙོག་བཟོ་བཅོས་སྐྱོང་བྱེད་པའི་བྱ་བ་སྤེལ་ཤུགས་རྒྱུན་མ་ཆད་པར་ཇེ་ཆེར་འགྲོ་བཞིན་ཡོད་ན་ཡང་། ད་དུང་གྲུབ་ཚུལ་རང་བཞིན་གྱི་གནད་དོན་ཅུང་འབུར་ཐོན་ཡིན་པ་དང་། ཆ་སྡེབས་ཁྲིམས་སྲོལ་སྐོར་ཞིག་དང་ཚད་གཞི་གཏན་འབེབས་བྱེད་པའི་བྱ་བ་རྗེས་ལུས་ཡིན་ལ། མཁའ་དབུགས་བཙོག་བཟོ་འགོག་བཅོས་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་ལག་བསྟར་བྱེད་ཚད་མི་འདང་བ། ཁྱབ་ཁོངས་གཙོ་བོའི་མཁའ་དབུགས་བཙོག་བཟོ་འགོག་བཅོས་བྱེད་ཐབས་ལག་བསྟར་བཟང་བོ་མི་བྱེད་པ། ཁྲིམས་འཛིན་ལྟ་སྐུལ་དང་ཁྲིམས་འཛིན་འགན་སྲུང་ཐད་ནས་ད་དུང་ཤུགས་སྣོན་དགོས་པ་དང་ཁྲིམས་ལུགས་འགན་འཁྲི་ལག་བསྟར་མི་བྱེད་པ་སོགས་ཀྱི་གནད་དོན་གལ་ཆེན་སྐོར་ཞིག་གནས་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཁོར་ཡུག་སྲུང་སྐྱོབ་བྱ་བའི་རྒྱལ་ཁ་ལེན་རྒྱུ་ནི་མཁའ་དབུགས་བཙོག་བཟོ་འགོག་བཅོས་བྱ་བ་བཟང་བོར་སྒྲུབ་པའི་གནད་འགག་ཡིན་པ་དང་། དུས་ཚོད་བྲེལ་མྱུར་ཆེ་ཞིང་ལས་འགན་ཧ་ཅང་ལྕི་ལ། དཀའ་ཁག་ཧ་ཅང་ཆེ་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཁ་ཕྱོགས་དང་སྣེ་ཁྲིད་དང་རྩ་བའི་གཞི་འཛིན་ས་རུ་བྱས་ནས། མཁའ་དབུགས་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཆ་སྡེབས་ཁྲིམས་སྲོལ་དང་ཚད་གཞི་གཏན་འབེབས་བྱེད་པ། ཁྲིམས་ལུགས་ལག་བསྟར་ཐད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ། ཚན་རྩལ་གྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ། ཁྲིམས་ལུགས་ཀྱི་མཚོན་ཆར་བརྟེན་ནས་བཙོག་བཟོ་བཅོས་སྐྱོང་བྱེད་པར་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྐྱོང་གི་སྟོབས་ཤུགས་སྤྱད་དེ་ཁོར་ཡུག་སྲུང་སྐྱོབ་བྱེད་པ་བཅས་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།