ལིས་ཁི་ཆང་སོ་ཧྥེ་ཡ་རིག་གནས་ཁང་ཕོ་བྲང་དུ་བསྡུས་པའི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ཐེངས་བདུན་པར་ཞུགས།

李克强在第七次中国-中东欧国家领导人会晤上的讲话(全文).jpg

ཟླ7པའི་ཚེས7ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སོ་ཧྥེ་ཡ་རིག་གནས་ཁང་ཕོ་བྲང་དུ་བསྡུས་པའི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ཐེངས་བདུན་པར་ཞུགས་པ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་གི་འགོ་ཁྲིད་པ་གྲོས་མོལ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཚེས7ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སོ་ཧྥེ་ཡ་རིག་གནས་ཁང་ཕོ་བྲང་དུ་བསྡུས་པའི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ཐེངས་བདུན་པར་ཞུགས། ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་གི་འགོ་ཁྲིད་པ་གྲོས་མོལ་ལ་ཞུགས་པ་དང་ཡོ་རོབ་གླིང་མནའ་འབྲེལ་དང་ཨོ་སི་ཁྲུ་རི་ཡ། སེའུ་ཙེར། ཞི་ལ། ཨུ་རུ་སི་དཀར་པོ། དེ་མིན་ཡོ་རོབ་གླིང་བསྐྱར་དར་གསར་སྤེལ་དངུལ་ཁང་བཅས་ལྟ་ཞིབ་པ་ཡིན་པའི་ཆ་ནས་གྲོས་མོལ་ལ་ཞུགས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་ཕྱོགས་མང་གསར་གཏོད་མཉམ་ལས་ཀྱི་རྣམ་པ་གསར་སྐྲུན་བྱས། ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོའི་མཉམ་ལས་ཀྱིས་བྱེད་ཐབས་ཉིས་བརྒྱ་ལྷག་བཏོན་པ་དང་བརྗེ་རེས་སྟེགས་བུ་ཉི་ཤུ་ལྷག་བསྐྲུན་པར་མ་ཟད། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་པ་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཟེར།

ལིས་ཁི་ཆང་གིས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོའི་མཉམ་ལས་ཀྱི་མ་འོངས་པའི་འཕེལ་རྒྱས་ཇུས་གཞིའི་ཐད་ལ་གྲོས་གཞི་བཏོན། དཔལ་འབྱོར་འཛམ་གླིང་ཅན་དང་རང་མོས་ཉོ་ཚོང་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་པ་དང་ས་ཁུལ་འཛུགས་སྐྲུན་དང་གསར་སྐྲུན་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་དགོས་ལ། དངུལ་རྩའི་མཉམ་ལས་ལ་ཤུགས་སྣོན་པ་དང་ས་གནས་མཉམ་ལས་ཆུ་ཚད་ཇེ་མཐོར་བཏང་ནས། ད་ལོའི་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོའི་ས་གནས་བར་གྱི་མཉམ་ལས་ལོ་དང་སང་ལོའི་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོའི་སློབ་གསོ་དང་ན་གཞོན་བརྗེ་རེས་ལོ་བཟང་བོར་བསྒྲུབ་དགོས་པར་མ་ཟད། མཉམ་འབྲེལ་སྒོས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོའི་འཛམ་གླིང་གྲོགས་པོའི་ལྟེ་གནས་འཛུགས་སྐྲུན་བྱེད་དགོས་ཟེར།

གྲོས་མོལ་ལ་ཞུགས་པའི་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོའི་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་བྱས་པ་དང་ལིས་ཁི་ཆང་གིས་བཏོན་པའི་མཉམ་ལས་གྲོས་གཞི་ལ་གདེང་འཇོག་ཆེན་པོ་བྱས། 


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།