ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་དཔལ་འབྱོར་གླེང་སྟེགས་སྐབས་བརྒྱད་པར་ཞུགས་ནས་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ས་དེའི་ཚེས7ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སོ་ཧྥེ་ཡའི་རིག་གནས་ཕོ་བྲང་ནས་ཡོ་རོ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་གི་འགོ་ཁྲིད་དང་ལྷན་དུ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་དཔལ་འབྱོར་གླེང་སྟེགས་སྐབས་བརྒྱད་པར་ཞུགས་ནས་ཤིས་ཚིག་ཕུལ།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་འབྲེལ་བ་ལེགས་ཕྱོགས་སུ་འཕེལ་བཞིན་ཡོད་ཅིང་། སོ་སོའི་ཁེ་ཕན་དང་འཚམ་པར་མ་ཟད། སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་བཟང་བོ་མངོན་ཡོད། སྣེ་མང་རྙོག་འཛིང་གི་རྒྱལ་སྤྱིའི་གནས་བབ་ལ་ཁ་གཏད་འཇལ་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཁག་དང་ལྷན་དུ། ཉོ་ཚོང་རང་དབང་ཅན་ལ་སྐུལ་འདེད་བཏང་ནས། རྨང་གཞིའི་སྒྲིག་ཆས་ཕྱོགས་ཀྱི་ཕན་ཚུན་འབྲེལ་མཐུད་སྔར་ལས་ཇེ་མགྱོགས་སུ་བཏང་བ་བརྒྱུད། ཐོན་ནུས་དང་དངུལ་གཏོང་མཉམ་ལས་ལ་ཤུགས་བསྣན་ནས། ས་གནས་དང་མི་ཆོས་ཀྱི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་རྒྱུན་སྲིང་འཕེལ་རྒྱས་འགྲོ་བའི་གཞི་རྩའི་རྣམ་པར་འགྱུར་བ་བྱུང་མི་སྲིད་ལ། ཁྲོམ་ར་ཅན་གྱི་བཅོས་སྒྱུར་གྱི་ཁ་ཕྱོགས་ལའང་འགྱུར་བ་བྱུང་མི་སྲིད། དེ་བཞིན་དུ་སྒོ་འབྱེད་ཆེན་མོའི་ཆོད་སེམས་ལའང་འགྱུར་བ་བྱུང་མི་སྲིད་པས། འཛམ་གླིང་གི་རྒྱལ་ཁབ་སོ་སོར་ཁྲོམ་རའི་གོ་སྐབས་ཆེན་པོ་ཞིག་འདོན་སྤྲོད་བྱེད་ངེས་ཡིན་ཟེར།
ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་གི་སྲིད་གཞུང་དང་བཟོ་ཚོང་ཁྱབ་ཁོངས་ཀྱི་མི་སྟོང་ལྷག་ཐེངས་འདིའི་གླེང་སྟེགས་ལ་ཞུགས།

ཞའོ་ཅེ་དང་ཧི་ལིས་ཧྥེང་གཉིས་གོང་གསལ་བྱ་འགུལ་ལ་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།