ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་པོ་ཅ་ལི་ཡའི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སའོ་ཧྥེ་ཡའི་ཙུང་ཐུང་བཞུགས་ཤག་ནས་པོ་ཅ་ལི་ཡའི་ཙུང་ཐུང་ལཱ་ཏི་ཧྥུའུ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ལཱ་ཏི་ཧྥུའུ་ལ་འཚམས་འདྲི་གནང་བ་བརྒྱུད་སྒྲོག་མཛད། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་པོ་ཅ་ལི་ཡ་གཉིས་ཀྱི་སྲོལ་རྒྱུན་མཛའ་འབྲེལ་སྔར་ལས་ལྷག་པའི་སྒོ་ནས་གོང་འཕེལ་ཕྱིན་པ་དང་། མིག་སྔའི་ཀྲུང་གོ་དང་པོ་ཅ་ལི་ཡ་ཕྱོགས་གཉིས་ཀྱི་རིམ་པ་སོ་སོའི་ཕན་ཚུན་འགྲོ་འོང་སྔར་ལས་ཇེ་དམ་དུ་སོང་བར་མ་ཟད། དཔལ་འབྱོར་ཉོ་ཚོང་དང་ཞིང་ལས་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་གྲུབ་འབྲས་ཀྱང་མངོན་གསལ་ཅན་དུ་འཕེལ་ཡོད་པ་ལས་གཞན། མི་ཆོས་བསམ་བློ་བརྗེ་རེས་ཀྱི་ཁྱབ་རྒྱ་ཡང་སྔར་ལས་ཇེ་ཆེར་སོང་ནས། ད་ལྟ་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་ལྟ་བུར་གྱུར་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་པོ་ཅ་ལི་ཡའི་མཐོ་རིམ་འབྲེལ་འདྲིས་ལ་ཤུགས་བསྣན་ནས། ཕན་ཚུན་རོགས་རེས་གཉིས་ཕན་དང་མཉམ་དུ་འཕེལ་རྒྱས་འགྲོ་བ་གཞི་རྩར་བཟུང་ནས། མུ་མཐུད་དུ་དངོས་གཉེར་མཉམ་ལས་ཀྱི་ཁྱབ་ཁོངས་ཆེར་བསྐྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་པོ་ཅ་ལི་ཡ་ཕྱོགས་ཀྱི་སྤུས་ཚད་མཐོ་བའི་ཞིང་ལས་ཐོན་རྫས་ཀྲུང་གོར་ཕྱིར་འཚོང་བྱེད་རྒྱུ་དང་། འགྲན་རྩོད་ཀྱི་ནུས་པ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཀྱིས་པོ་ཅ་ལི་ཡ་ནས་མ་དངུལ་གཏོང་བར་སྐུལ་མ་བྱེད་ཀྱིན་ཡོད། དེ་མིན་ད་དུང་མི་ཆོས་དང་ཡུལ་སྐོར། རིག་གནས་བཅས་ཀྱི་བརྗེ་རེས་སྔར་ལས་ཇེ་དམ་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་དར་སྤེལ་གཏོང་རྒྱུ་ཡིན་ཟེར།

ལཱ་ཏི་ཧྥུའུ་ཡིས་བསྟན་དོན། པོ་ཅ་ལི་ཡ་ནི་ཀྲུང་གོ་དང་མཛའ་འབྲེལ་འཛུགས་མཁན་གྱི་རྒྱལ་ཁབ་ཐོག་མའི་གྲས་ཡིན་ལ། ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བར་མཐོང་ཆེན་བླ་མེད་གནང་གིན་ཡོད། པོ་ཅ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་ཉོ་ཚོང་དང་ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་བརྩི་སྲུང་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་འབྲེལ་བར་སྐུལ་འདེད་གཏོང་བཞིན་པ་ལ་བསྟོད་བསྔགས་བྱེད་ཀྱིན་ཡོད་ཟེར།

ཞའོ་ཅེ་དང་ཧི་ལིས་ཧྥེང་གཉིས་ཐེངས་འདིའི་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།