ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་ཀོས་དབྱང་རྒྱལ་སྤྱིའི་གླེང་སྟེགས་ཀྱི2018ལོའི་ལོ་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བདུན་ཉིན། སྐྱེ་ཁམས་དཔལ་ཡོན་ཀོས་དབྱང་རྒྱལ་སྤྱིའི་གླེང་སྟེགས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་ཚོགས་ཀོས་ཀྲིག་ཞིང་ཆེན་ཀོས་དབྱང་གྲོང་ཁྱེར་ནས་ཚོགས་འགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ཀྱི་ལོ་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་མིའི་རིགས་ཀྱི་མ་འོངས་པར་འབྲེལ་བ་ཡོད་པ་དང་། ལྗང་མདོག་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་ཕུགས་བསམ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། རང་བྱུང་ཁམས་མ་བརྩི་བཀུར་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྐྱེ་ཁམས་མ་ལག་བཙུགས་ནས། གོ་ལ་ཧྲིལ་པོའི་རྒྱུན་སྲིང་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཐེངས་འདིའི་གླེང་སྟེགས་ལོ་ཚོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་པར་སྐྱོད་པ་སྟེ་སྐྱེ་ཁམས་དམིགས་བསལ་དང་ལྗང་མདོག་འཕེལ་རྒྱས་ཞེས་པ་བརྗོད་གཞིར་བཟུང་ཡོད་ལ། དེ་ཕྱོགས་སོ་སོས་ཐུན་མོང་གི་ལྟ་བ་རྒྱ་བསྐྱེད་པ་དང་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། གོ་ལ་ཧྲིལ་པོའི་སྐྱེ་ཁམས་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་ལ་ཕན་པར་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཆུ་དྭངས་རི་ལྗང་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་བཞིན་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བའི་གྲོས་གཞི་འདོན་བཞིན་ཡོད་ལ། ལྗང་མདོག་འཕེལ་རྒྱས་དང་རྒྱུན་སྲིང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། མཉམ་དུ་དག་གཙང་མཛེས་སྡུག་གི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།