ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་སྐབས་དོན་གཉིས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཟླ་བདུན་པའི་ཚེས་གཉིས་ཉིན་ཀྲུང་ནན་ཧེ་ནས། སྐབས་དོན་གཉིས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིཀྲུའུ་ཞི་ལའེ་ཆ་ཁི་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། འཛམ་གླིང་གི་ཞི་བདེ་བརྟན་འཇགས་དང་འཛམ་གླིང་ཡོངས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུ་ནི་མི་གྲངས་དུང་ཕྱུར་བཅུ་བཞི་ལ་ཉེ་བའི་ཀྲུང་གོ་མི་དམངས་ཀྱིས་འཚོ་བ་སྔར་ལས་སྐྱིད་པོ་རོལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱིས་དེང་རབས་ཅན་མངོན་འགྱུར་བྱེད་པ་ལ་ཅིས་ཀྱང་ཆད་མི་རུང་བའི་ཕྱིའི་ཁོར་ཡུག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཚོགས་པ་འཛུགས་པར་སྐུལ་འདེད་དང་དར་སྤེལ་གཏོང་བའི་བཞེད་པ་དེས། ཡུན་རིང་ཞི་བདེ་དང་རིས་མེད་བདེ་འཇགས། མཉམ་དུ་ཡར་རྒྱས་འགྲོ་བ། སྒོ་འབྱེད་དཀྱེལ་ཡངས། དག་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་འཛུགས་རྒྱུ་ནི། མིའི་རིགས་ཀྱི་ཐུན་མོང་ཁེ་ཕན་དང་དུས་རབས་ཀྱི་རླབས་རྒྱུན་དང་ཆ་ཡོངས་ནས་མཐུན་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་ནས་རྒྱལ་ཁབ་སོ་སོ་དང་མཉམ་དུ། ཐུན་མོང་འཕེལ་རྒྱས་མངོན་དུ་འགྱུར་བར་འབད་དེ། མུ་མཐུད་དུ་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་མཐར། འདྲ་མཉམ་དྲང་གཞག་གི་འཛམ་གླིང་ཧྲིལ་བོ་བཅོས་སྐྱོང་བྱེད་པའི་མ་ལག་ཅིག་འཛུགས་པར། ཀྲུང་གོ་ཕྱོགས་ཀྱིས་ཤེས་རབ་དང་སྟོབས་ཤུགས་གང་ཡོད་རྩལ་དུ་བཏོན་ནས་འབུལ་རྒྱུ་ཡིན་ཟེར།

ལའེ་ཆ་ཁི་ཡིས་བསྟན་དོན། ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་ཀྱི་སྟོབས་ལྡན་རྒྱབ་སྐྱོར་བ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མེད་དུ་མི་རུང་བའི་སྟོབས་ཤུགས་གཙོ་བོ་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་དང་མཉམ་དུ་མུ་མཐུད་དུ་ཕྱོགས་སོ་སོའི་མཉམ་ལས་བྱ་བ་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།