ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་ནས་གུང་གཞོན་ཚོགས་པ་ཀྲུང་དབྱང་གི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་གླེང་མོལ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平同团中央新一届领导班子成员集体谈话.jpg

ཟླ6པའི་ཚེས2ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་ནས་གུང་གཞོན་ཚོགས་པ་ཀྲུང་དབྱང་གི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་གླེང་མོལ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས2ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་ནས་གུང་གཞོན་ཚོགས་པ་ཀྲུང་དབྱང་གི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་གླེང་མོལ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། གཞོན་རབས་པ་རྣམས་ལ་ཕུགས་འདུན་ཡོད་པ་དང་ནུས་པ་ལྡན་པ། ཁག་ཁུར་ཡོད་ན་རྒྱལ་ཁབ་ལ་མདུན་ལམ་ཡོད་པ་དང་མི་རིགས་ལ་རེ་བ་ཡོད། རྒྱ་ཆེའི་ན་གཞོན་ཚབ་མཚོན་ཉན་པ་དང་རྒྱ་ཆེའི་ན་གཞོན་ལ་ཁས་ལེན་བྱེད་པ། རྒྱ་ཆེའི་ན་གཞོན་ལ་རྒྱབ་རྟེན་བཅོལ་བ་ནི་ང་ཚོ་ཏང་མུ་མཐུད་དུ་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་ཁག་ཐེག་གལ་ཆེན་ཞིག་ཡིན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དེ་གཞོན་རབས་པ་རྣམས་ཀྱི་རྒྱུན་མཐུད་འབད་འཐབ་ཁྲོད་དུ་མངོན་འགྱུར་བྱེད་ངེས་ཡིན། དུས་རབས་གསར་པའི་ན་གཞོན་གྱི་བྱ་བ་སྒྲུབ་སྐབས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པ་དང་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཚོགས་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འབད་འཐབ་དམིགས་འབེན་དང་དམ་དུ་སྦྲེལ་ནས། རྒྱ་ཆེའི་ན་གཞོན་རྣམས་ལ་ཕུགས་འདུན་ཆེན་པོ་ཡོད་པ་དང་སྤོབས་པ་ཆེན་པོས་ཕུགས་འདུན་བརྩོན་ལེན་བྱེད་པ། དཀའ་སྤྱད་སྒོས་ཕུགས་འདུན་མངོན་འགྱུར་བྱེད་དུ་འཇུག་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གླེང་མོལ་ལ་ཞུགས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཉིན་འགའི་སྔོན་ལ། གུང་གཞོན་ཚོགས་པའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་གྲོལ། ཚོགས་ཆེན་སྟེང་ཏང་ཀྲུང་དབྱང་གི་རེ་བ་ལག་བསྟར་བྱས་ཏེ་འདས་པའི་ལོ་ལྔའི་བྱ་བར་སྤྱི་སྡོམ་བྱས་ཤིང་ཕྱིན་ཆད་ཀྱི་ལོ་ལྔའི་གུང་གཞོན་ཚོགས་པའི་ལས་དོན་འཕེལ་རྒྱས་ཐད་ལ་བཀོད་སྒྲིག་བྱས་པ་དང་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས། བདག་གིས་ཏང་ཀྲུང་དབྱང་གིས་ཚབ་བྱས་ཏེ་ཚོགས་ཆེན་ལེགས་འགྲུབ་བྱུང་བ་དང་བདམས་ཐོན་བྱུང་བའི་གུང་གཞོན་ཚོགས་པའི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་རྣམས་ལ་རྟེན་འབྲེལ་ཞུ་བ་ཡིན། གུང་གཞོན་ཚོགས་པའི་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གིས་ཏང་ཀྲུང་དབྱང་གི་རེ་བ་ལག་བསྟར་བྱས་ཏེ། རྣམ་འགྱུར་ལེགས་ཤིང་ཡིད་ཆེས་བརྟན་པ་དང་སྤྲོ་སེམས་ཆེ་ལ། ཆོད་སེམས་བརྟན་པོ་ཡོད་དགོས། ཏང་ཀྲུང་དབྱང་གིས་ཁྱོད་ཚོར་རེ་བ་ཆེན་པོ་བཅངས་ཡོད་པས། ཁྱོད་ཚོས་འགོ་ཁྲིད་དེ་རིགས་གཞུང་སློབ་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཆབ་སྲིད་སྐྱོང་བ། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། དངོས་འབེབས་བྱ་བ་དམ་འཛིན་བྱེད་པ། སྤྱོད་ཚུལ་ལེགས་སྒྱུར་བྱེད་པ། སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱས་ནས། དུས་རབས་གསར་པའི་གུང་གཞོན་ཚོགས་པའི་སྣང་བརྙན་བཟང་བོ་ཆགས་པར་བྱེད་དགོས་པར་མ་ཟད། རྒྱལ་ཡོངས་ཀྱི་རིགས་སོ་སོའི་ན་གཞོན་དང་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་བཏོན་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་པའི་འགན་འཁྲི་ཕྲག་ཏུ་འཁུར་དགོས་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། གུང་གཞོན་པ་གཟབ་ནན་སྒོས་བཅོས་སྐྱོང་བྱེད་པའི་རེ་བ་དངོས་འབེབས་བཟང་བོ་བྱས་ཏེ། ཆབ་སྲིད་ཐད་ནས་གཟབ་ནན་བྱེད་པ་དང་ཆབ་སྲིད་འཛུགས་སྐྲུན་གྱི་གཅིག་གྱུར་བཀོད་འདོམས་རྒྱུན་འཁྱོངས་བྱེད་དགོས་ལ། གུང་གཞོན་ཚོགས་པའི་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་དགོས། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་སྲུང་སྐྱོབ་བྱེད་པ་དང་ལངས་ཕྱོགས་བརྟན་པའི་སྒོ་ནས་སྤྱོད་ངན་སྣ་ཚོགས་གཏན་འགོག་བྱས་ནས། སྤྱོད་གཙང་སྲོལ་བཟང་དང་སྣང་བརྙན་བཟང་བོ་སྲུང་འཛིན་བྱེད་དགོས། གུང་གཞོན་ཚོགས་པའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་དམ་འཛིན་བྱས་ཏེ། ཆབ་སྲིད་དང་བསམ་བློ། ནུས་པ། ཁག་ཁུར། བྱ་སྤྱོད། རང་གཅུན་བཅས་ཀྱི་ཐད་ལ་ཤུགས་སྐྱེད་དགོས་པ་དང་། ཏང་ལ་བློ་དཀར་བར་བྱེད་དགོས་ལ། སྤོབས་པ་ཆེན་པོས་དཀའ་ཁག་ཁྱད་སེལ་བྱེད་པར་མ་ཟད་ཆ་རྐྱེན་ཞན་པ་དང་ཁོར་ཡུག་བཙོག་པའི་ལས་གནས་སུ་སྦྱོང་བརྡར་བྱེད་དགོས། གུང་གཞོན་ཚོགས་མིའི་དཔུང་སྡེ་འཛུགས་སྐྲུན་ལའང་གཟབ་ནན་བྱས་ཏེ། གུང་གཞོན་ཚོགས་མིའི་ཚད་གཞིའི་རེ་བའི་ཐད་ནས་གཟབ་ནན་བྱེད་པ་དང་། གུང་གཞོན་ཚོགས་པར་ཞུགས་པའི་སྤུས་ཚད་དང་ནུས་པ་ཇེ་ཆེར་གཏོང་དགོས་པར་མ་ཟད། གུང་གཞོན་ཚོགས་པར་ཞུགས་རྗེས་ཀྱི་སློབ་གསོ་ལག་ལེན་དམ་འཛིན་བྱས་ནས། རྒྱ་ཆེའི་ན་གཞོན་རྣམས་དང་མཉམ་དུ་མདུན་སྐྱོད་བྱེད་པར་སྣེ་ཁྲིད་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ན་གཞོན་བྱ་བས་དེང་སྐབས་དམ་འཛིན་བྱེད་དགོས་པ་དང་གཞི་རྩ་རྒྱུན་འཛིན་བྱེད་དགོས་ལ། མ་འོངས་པར་ཁ་ཕྱོགས་དགོས་པ་དེ་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་དམ་པོ་ཡོད། རིམ་པ་སོ་སོའི་ཏང་ཨུ་ཡིས་ལོ་ཆུང་ན་གཞོན་འཚར་ལོངས་འབྱུང་བར་ཡིད་འཇོག་དང་སེམས་ཁུར་བྱས་ཏེ། ཁོ་ཚོ་ཤེས་ལྡན་མི་སྣར་འགྱུར་བ་དང་ནུས་པ་འདོན་སྤེལ་བྱེད་པར་ཆ་རྐྱེན་བཟང་བོ་གསར་སྐྲུན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་སྟོབས་ཤུགས་གང་ཡོད་བཏོན་ཏེ་ན་གཞོན་བྱ་བ་དང་གུང་གཞོན་ཚོགས་པའི་བྱ་བ་དམ་འཛིན་བྱས་ནས་འགོ་ཁྲིད་ཀྱི་འགན་འཁྲི་དངོས་འབེབས་མཐའ་འཁྱོལ་བྱེད་དགོས་ཟེར།

ཚོགས་ཐོག་ཏུ་གུང་གཞོན་ཚོགས་པའི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧི་ཅུན་ཁི་ཡིས་གུང་གཞོན་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པའི་གནས་ཚུལ་ཡར་ཞུ་བྱས་པ་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧོང་ཡན་དང་ཞུའུ་ཞོ། ཧྥུའུ་ཀྲིན་པང་། དབྱིན་ཏུང་མེ། ཆི་པ་ཐུའུ། ལིས་ཁི་ཡུང་བཅས་ཀྱིས་གཏམ་བཤད།

ཏེན་ཞའོ་ཞང་དང་ཁྲིན་ཞི། གོ་ཧྲིན་ཁུན། ཡུག་ཆོན་བཅས་གླེང་མོལ་ལ་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།