ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«དཔང་ཡིག་དོན་དག་གཙང་བཤེར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བརྡ་ཐོ»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«དཔང་ཡིག་དོན་དག་གཙང་བཤེར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བརྡ་ཐོ»འགྲེམ་སྤེལ་བྱས།

«བརྡ་ཐོ»ལས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔང་ཡིག་ཇེ་ཉུང་དང་དམངས་ལ་སྟབས་བདེ་བཟོ་བ་དང་ཞབས་ཕྱི་ལེགས་སྒྱུར་བྱེད་པའི་བཀོད་སྒྲིག་དང་རེ་བ་ལག་བསྟར་དང་དངོས་འབེབས་བྱས་ཏེ། དཔང་ཡིག་དོན་དག་གཙང་བཤེར་བྱ་བ་བཟང་བོར་སྒྲུབ་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ནང་གཏན་འཁེལ་བྱས་མེད་པའི་དཔང་ཡིག་དོན་དག་ཡོད་ཚད་མེད་པར་བཟོ་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་དཔང་ཡིག་དོ་དག་ཞིབ་བཤེར་བྱས་ནས། དོན་དག་རེ་རེ་མེད་པར་གཏོང་བ་དང་ཡང་ན་སོར་ཉར་བྱེད་དགོས་པའི་གྲོས་གཞི་འདོན་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་རང་སྟེང་ནས་གཏན་འཁེལ་བྱས་པའི་དཔང་ཡིག་དོན་དག་ཚང་མ་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་གི་སྔོན་ལ་མེད་པར་གཏོང་དགོས་པའི་རེ་བ་བཏོན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།