ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། མཉམ་འབྲེལ་དྲ་རྒྱ་དང་ཞིང་ལས་ལ་སྐུལ་འདེད་བཏང་ནས་ཞིང་སྡེ་ཡི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། སྐྱེལ་འདྲེན་སྒྲིག་གཞི་ལེགས་སྒྲིག་བྱས་ཏེ་སྐྱེལ་འདྲེན་ཕན་འབྲས་ཇེ་མཐོར་གཏོང་བ་དང་དངོས་ཕུང་དཔལ་འབྱོར་གྱི་དངོས་རྒྱུག་མ་རྩ་ཇེ་དམའ་རུ་གཏོང་བར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་དང་མཉམ་འབྲེལ་དྲ་རྒྱ་དང་ཞིང་ལས་འཕེལ་རྒྱས་ཆེད་ལས་ཅན་གྱི་སྤྱི་ཚོགས་ཞབས་ཕྱི་ལ་བརྟེན་ནས། ཞིང་ལས་ཐོན་སྐྱེད་དོ་དམ་ཐད་ནས་གནད་ཕིགས་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་དང་། ཞིང་ཁྱིམ་ཆུང་བ་དང་ཚོང་ར་ཆེན་པོ་སྔར་ལས་འབྲེལ་མཐུད་བྱེད་པ་དེ་ཞིང་ལས་ཀྱི་སྤུས་ཚད་མཐོ་ཞིང་ཕན་འབྲས་འཕར་བར་སྐུལ་འདེད་གཏོང་བ་དང་ཞིང་བའི་རྣམ་པ་གསར་བའི་ལས་ཞུགས་དང་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་སྐྱེད་པར་དོན་སྙིང་གལ་ཆེན་ལྡན། གཅིག ཆ་འཕྲིན་ལག་རྩལ་དེ་ཞིང་ལས་ཐོན་སྐྱེད་ཁྲོད་དུ་བཀོལ་སྤྱོད་བཟང་བོ་བྱེད་དགོས། གཉིས། མཉམ་འབྲེལ་དྲ་རྒྱ་དང་ཞིང་ཐོན་དངོས་རྫས་སྡེ་བ་ནས་ཕྱིར་གཏོང་བའི་བཟོ་སྐྲུན་ལག་བསྟར་བཟང་བོ་བྱེད་དགོས། གསུམ། སྤྱི་ཚོགས་སྟོབས་ཤུགས་སྐུལ་སློང་བྱས་ཏེ་མཉམ་འབྲེལ་དྲ་རྒྱར་བརྟེན་ནས་ཞིང་བར་ཕན་པའི་ལས་རྣམ་གསར་བ་དང་རྣམ་པ་གསར་བ་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། སྐྱེལ་འདྲེན་སྒྲིག་གཞི་ལེགས་སྒྲིག་བྱེད་པ་དང་ཕྱོགས་བསྡུས་སྐྱེལ་འདྲེན་ཕན་འབྲས་ཇེ་མཐོར་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་དངོས་རྒྱུག་མ་རྩ་ཇེ་དམའ་རུ་གཏོང་བ་དེ་དངོས་ཕུང་དཔལ་འབྱོར་གྱི་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་བར་འབྲེལ་བ་ཆེན་པོ་ཡོད་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།