ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ལན་མུའུ་ཆིའི་བཞུགས་མོལ་ཚོགས་འདུ་ནང་སོག་ཏུ་འཚོགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ6ཚེས22ཉིན་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་། ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་ཁང་དང་ནང་སོག་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཉེར་འགན་ཁུར་བའི་ཝུའུ་ལན་མུའུ་ཆི་བཞུགས་མོལ་ཚོགས་འདུ་ནང་སོག་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་ཧུའུ་ཧོ་ཧའོ་ཐེ་རུ་འཚོགས་ཤིང་། ད་རེས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག“ཞི་ཅིན་ཕིང་གི་དུས་རབས་གསར་པའི་རིག་རྩལ་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཝུའུ་ལན་མུའུ་ཆིའི་སྙིང་སྟོབས་དར་སྤེལ་གཏོང་བ། མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ”བཅས་བརྗོད་དོན་གཙོ་བོར་བྱས་ཡོད།

ཚོགས་འདུ་འགོ་ཚུགས་མ་ཐག ཝུའུ་ལན་མུའུ་ཆིའི་རུ་མི་རྒན་གྲས་ཀྱི་འཐུས་མི་ཅིན་ཧྭ་དང་སུའུ་ཉི་ཐེ་གཡས་ཆིའི་ཝུའུ་ལན་མུའུ་ཆིའི་རུ་དཔོན་མོང་ཀེ་སྐྱིད་རི་སྐལ་ལ་ཡིས་སོག་སྐད་དང་རྒྱ་སྐད་ནས་ན་ནིང་ཟླ་11པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སུའུ་ཉི་ཐེ་གཡས་ཆིའི་ཝུའུ་ལན་མུའུ་ཆིའི་རུ་མི་རྣམས་ལ་སྤྲིངས་པའི་འཕྲིན་ལན་སྒྲོག་སྦྱངས་བྱས་པ་རེད

ད་རེས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་འགོ་ཁྲིད་དང་། རིག་གནས་སྒྱུ་རྩལ། རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན། སྒྱུ་རྩལ་དཔྱད་གཏམ་ལས་རིགས་ཀྱི་གྲགས་ཅན་རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་ཀྱིས་ཝུའུ་ལན་མུའུ་ཆིའི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་དང་། ཝུའུ་ལན་མུའུ་ཆིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཉམས་མྱོང་ཁྱབ་གདལ། ནང་སོག་རིག་གནས་ཀྱི་གཟུགས་བརྙན་གཏོད་པ་སོགས་ཀྱི་བརྗོད་དོན་གཙོ་བོར་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།

ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་བཞུགས་མོལ་ཚོགས་འདུའི་ཐོག་ཝུའུ་ལན་མུའུ་ཆི་ནི་ཏང་གི་མི་རིགས་སྲིད་ཇུས་དང་རིག་རྩལ་གྱི་རིགས་པའི་གཞུང་ལུགས་ནང་སོག་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་པ་ལས་བྱུང་བ་ཞིག་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་གི་གསར་གཏོད་བྱ་ཐབས་ཤིག་ཡིན། མི་དམངས་ལ་ཞབས་འདེགས་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ལག་ལེན་ཁྲོད་ནས་བྱུང་བའི་ཝུའུ་ལན་མུའུ་ཆིའི་སྙིང་སྟོབས་དེ་ཉིད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་ཆེའི་རྒྱུ་ནོར་ལ་གྱུར་ཡོད། དུས་རབས་གསར་པར་སླེབས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཝུའུ་ལན་མུའུ་ཆིས་ནམ་ཡང་རྩྭ་ཐང་ཐོག་གི“གསར་བརྗེའི་རིག་རྩལ་གྱི་རྟ་དམག་ཧྲག་པོ”བྱེད་དགོས་པའི་ཐུགས་རེ་ཟབ་མོ་བཏོན་གནང་བས། ང་ཚོས་ཝུའུ་ལན་མུའུ་ཆིའི་གསར་བརྗེའི་ས་བོན་མི་འགྱུར་བ་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རྩྭ་ཐང་ཐོག་གཞིས་ཚུགས་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྲོལ་རྒྱུན་བཟང་པོ་མི་འགྱུར་བ་བྱེད་པ། ཐོག་མཐའ་བར་གསུམ་དུ་ཝུའུ་ལན་མུའུ་ཆིའི་ལས་ཀ་སྣ་གཅིག་མཁས་ཤིང་སྣ་མང་འཇོན་པ་དང་སྟབས་བསྟུན་ཁུ་འདུས་ལས་འཕེར་གྱི་ཁྱད་ཆོས་མི་འགྱུར་བ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། ཝུའུ་ལན་མུའུ་ཆིའི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ། རིག་རྩལ་གསར་གཏོད་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ། མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་། སྐད་གྲགས་ཆོད་པ། དར་ཁྱབ་ཐུབ་པ་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་སྔར་བས་མང་བ་གསར་རྩོམ་ཧུར་ཐག་བྱེད་པ་བཅས་ཀྱི་སྒོ་ནས་ནང་སོག་གི་རིག་རྩལ་གསར་རྩོམ་འདི་ཉིད“ས་མཐོ”ནས“རི་རྩེར”མཆོང་སྐྱོད་ཡོང་བར་བྱས་ཏེ་ཝུའུ་ལན་མུའུ་ཆིའི་གསར་བརྗེའི་དར་ཆ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་འཐབ་ཕྱོགས་ལ་ལྷབ་ལྷུབ་ཏུ་གཡོ་བ་བྱེད་དགོས་ཞེས་གསུངས་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།