ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས་པ་དང་ཝང་དབྱང་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་ཚེས་ཉེར་གཉིས་དང་ཚེས་ཉེར་གསུམ་ཉིན་གཉིས་ལ་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་ཝང་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཝང་དབྱང་གིས་བསྟན་དོན། མི་དམངས་སྲིད་གྲོས་ལས་དོན་ནི་ཏང་གིས་མི་དམངས་ལ་འགོ་ཁྲིད་པའི་རླབས་ཆེན་སྤྱི་ཚོགས་གསར་བརྗེ་ཡི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་ནི་ཏང་ཡོངས་ཀྱིས་རླབས་ཆེན་རང་ཉིད་གསར་བརྗེ་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ཁྱད་སྟོབས་དང་རང་རྒྱལ་གྱི་ཆབ་སྲིད་ལམ་ལུགས་ཀྱི་སྤྱིའི་ནུས་པ་འདོན་སྤེལ་བྱེད་པར་འབྲེལ་བ་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་རླབས་ཆེན་སྤྱི་ཚོགས་གསར་བརྗེ་དེའི་འཕེལ་རིམ་ལ་འབྲེལ་བ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བཟང་བོ་བྱས་ཏེ། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ལྟར། སྲིད་གྲོས་ཏང་གི་འཛུགས་སྐྲུན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རིམ་པ་སོ་སོའི་སྲིད་གྲོས་ཏང་ཙུའུ་ཡི་འགོ་ཁྲིད་སྲོག་ཤིང་ནུས་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་ནུས་པ། གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྲིད་གྲོས་བྱ་བའི་རེ་བ་དངོས་འབེབས་བཟང་བོ་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྟེང་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

ཝང་དབྱང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རྒྱལ་ཡོངས་སྲིད་གྲོས་དང་ས་གནས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་པར་མི་དམངས་སྲིད་གྲོས་ཀྱིས་ཤུགས་བསྣན། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཆབ་སྲིད་འཛུགས་སྐྲུན་དང་བསམ་བློའི་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། སྒྲིག་ལམ་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་པ་དང་། རིམ་པ་སོ་སོའི་སྲིད་གྲོས་ཏང་ཙུའུ་ཡིས་ཏང་གི་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་གལ་ཆེན་དང་ལེན་བྱེད་དགོས་ལ། ཏང་འཛུགས་བྱ་བ་དམ་འཛིན་བྱེད་པ་ནི་རང་གི་འགན་འཁྲི་ཡིན་པ་དང་ཏང་འཛུགས་བྱ་བ་དམ་འཛིན་མི་བྱེད་པ་ནི་རང་འགན་དང་ལེན་མ་བྱས་པ་ཡིན་ལ། ཏང་འཛུགས་བྱ་བ་དམ་འཛིན་བྱེད་མ་ཐུབ་པ་ནི་རང་ཉིད་རྣམ་དག་མིན་པའི་འདུ་ཤེས་བརྟན་པོར་ཆགས་པར་བྱས་ནས། སྲིད་གྲོས་ཁོངས་གཏོགས་ཀྱིས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པར་གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་བོ་ཞིག་གསར་སྐྲུན་བྱེད་དགོས་ཟེར།

ཀྲང་ཆིན་ལིས་ཀྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་བརྒྱུད་སྒྲོག་བྱས། ཞ་པོ་ལུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་འགོ་འཛིན་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།