ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་གསར་དུ་བསྐོ་འཇོག་བྱས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལ་བསྐོ་འཇོག་ཡི་གེ་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་དུ་བསྐོ་འཇོག་བྱས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལ་བསྐོ་འཇོག་ཡི་གེ་གནང་།

ཅང་མ་འགོར་བའི་སྔོན་ལ་གྲོལ་བའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བསྐོ་འཇོག་བྱས། ཀྲུའུ་རིན་ཧྲིན་ཁྲུན་ཡའོ་དང་ཀྲུའུ་རིན་གཞོན་པ་ཐན་ཧོས་ཀྲུའུ་དང་ཀྲང་ཡུང་ཡིན་པ་དང་། ཨུ་ཡོན་ལིག་ནའེ་ཆང་དང་ཁྲིན་ཏུང་། ཁྲིན་ཧོང་དབྱི། ཝུའུ་ཙིན། མའོ་ཧྲུའུ་ལེན། ཧོང་ཡུས་ཧྲན། ཧོང་ལིག་ཆོན། ལེང་མེ་ཧྥིན། ཧན་ཏ་ཡོན་བཅས་རེད།

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་བཙུགས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་ཞིག་ཡིན་ལ། བསྡོམས་པས་ཁོངས་མི་བཅུ་གཉིས་ཡོད་པ་དང་ནང་ལོག་གི་མི་སྣ་དྲུག་དང་ཞང་ཀང་གི་མི་སྣ་དྲུག་གིས་གྲུབ་ཅིང་འགན་འཁུར་ཡུན་ལོ་ལྔ་ཡིན།

ཝང་ཁྲིན་གྱིས་བསྐོ་འཇོག་ཡི་གེ་གནང་བའི་མཛད་སྒོར་འགོ་འཛིན་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།