ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏའོ་མཐོ་རིམ་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་དང་ལས་རིགས་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏའོ་མཐོ་རིམ་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་དང་ལས་རིགས་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཐེབས། ཚང་མས་བལྟས་ན། སྒོ་འབྱེད་དང་མཉམ་བསྲེས། གཉིས་ཕན། མཉམ་རྒྱལ་བཅས་ཀྱི་མཉམ་ལས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་གསར་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་པར་སྙམ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་གསུངས་རྒྱུར། ཁྱིམ་གཞི་གཅིག་ལྟ་བུའི་འཛམ་གླིང་གིས་རྒྱལ་ཁབ་སོ་སོའི་ཉིན་རེའི་ཁེ་ཕན་མཉམ་བསྲེས་དང་ལས་དབང་མཉམ་གནས། མཉམ་ལས་མཉམ་རྒྱལ་གྱི་འཕེལ་ཕྱོགས་ཐག་བཅད། ཀོང་ཀྲིག་གྲུ་ཁ་དེ་འཕེལ་ཕྱོགས་ཆེན་པོ་དེ་དང་འཕྲད་པ་དང་ད་ལྟ་གྲུ་ཁ་དང་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་གནས་དགུ་བཅུ་ལྷག་གི་བར་དུ་ཉོ་ཚང་འགྲོ་འོང་ཡོད་ལ། ཁོ་ཚོ་ནི་འཛམ་གླིང་ཡོངས་ཁྱིམ་གཞི་གཅིག་ལྟ་བུར་འགྱུར་བའི་བདེན་དཔང་མཁན་ཡིན་ཟེར།

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་སྟེང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་གིས་ཆིན་ཏའོ་ནི་ཀྲུང་གོ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ས་གནས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་དཔེ་སྟོན་ས་ཁུལ་དུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དམིགས་སུ་བཀར་ནས་བཏོན་པ་དང་། དེ་ཆིན་ཏའོ་ལ་མཚོན་ན་སྒོ་འབྱེད་མཉམ་ལས་ཀྱི་སྟེགས་བུ་གསར་བ་ཞིག་ཏུ་གྱུར་ཡོད།

དཔལ་འབྱོར་འཛམ་གླིང་ཅན་དང་ཁུལ་ཁོངས་གཞི་གཅིག་ཅན་ནི་འཕེལ་ཕྱོགས་ཆེན་པོ་ཡིན། ཚང་མས་བཤད་རྒྱུར། སྒོ་འབྱེད་ནི་དཔལ་འབྱོར་འགྲོ་འོང་ཡིན་པ་དང་དམངས་སེམས་འགྲོ་འོང་ཡང་ཡིན། མ་འོངས་པའི་འཕེལ་རྒྱས་ཐད་ལ་སྒོ་འབྱེད་དང་མཉམ་བསྲེས། གཉིས་ཕན། མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་ཏེ་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་གསར་སྐྲུན་བྱེད་དགོས་ཟེར།  །
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།