ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱི་ལིང་གི་ཙུང་ཐུང་ལུའུ་ཧ་ཉི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平同伊朗总统鲁哈尼举行会谈.jpg

ཟླ6པའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆིན་ཏོ་ནས་དབྱི་ལིང་གི་ཙུང་ཐུང་ལུའུ་ཧ་ཉི་དང་གྲོས་མོལ་མཛད། 
 


习近平同伊朗总统鲁哈尼举行会谈1.jpg

ཟླ6པའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆིན་ཏོ་ནས་དབྱི་ལིང་གི་ཙུང་ཐུང་ལུའུ་ཧ་ཉི་དང་གྲོས་མོལ་མཛད། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ6པའི་ཚེས10ཉིན་ཆིན་ཏོ་ནས་དབྱི་ལིང་གི་ཙུང་ཐུང་ལུའུ་ཧ་ཉི་དང་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་ཐོག་མར་ལུའུ་ཧ་ཉི་ཀྲུང་གོར་འཚམས་འདྲི་ཡོང་བ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་གསུངས་རྒྱུར། 2016ལོར་ངས་དབྱི་ལིང་ལ་རྒྱལ་དོན་འཚམས་འདྲི་བྱེད་སྐབས། ཀྲུང་གོ་དང་དབྱི་ལིང་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་རྒྱུ་ཁྱབ་སྒྲོག་བྱས། ལོ་གཉིས་ལྷག་གི་རིང་ལ། ཕྱོགས་གཉིས་ཀྱིས་མཉམ་ལས་དམ་པོ་བྱེད་པ་དང་། ང་དང་སྐུ་ཞབས་ཙུང་ཐུང་གཉིས་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་ཟ་བ་ཐོབ་པ་དང་། མི་གཞུང་བརྗེ་རེས་ཉིན་རེ་བཞིན་ཇེ་དམ་དུ་འགྲོ་བཞིན་ཡོད། ཀྲུང་གོ་དང་དབྱི་ལིང་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ལྡན་པས། ཀྲུང་གོ་ཕྱོགས་ཀྱི་དབྱི་ལིང་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་དབྱི་ལིང་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་ཆབ་སྲིད་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་གཙོ་བོར་བཟུང་སྟེ། ཕན་ཚུན་བར་གྱི་འཐབ་ཇུས་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་བསྣན་ཏེ། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་གནད་དོན་གལ་ཆེན་ཐད་ལ་མུ་མཐུད་དུ་ཕན་ཚུན་བར་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་དགོས་ཟེར།

ལུའུ་ཧ་ཉི་ཡིས་ཐོག་མར་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏོ་མཐོ་རིམ་གྲོས་ཚོགས་ཕུན་སུམ་ཚོགས་པའི་ངང་མཇུག་སྒྲིལ་བར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། དབྱི་ལིང་ཕྱོགས་ཀྱིས་དབྱི་ལིང་དང་ཀྲུང་གོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འཛུགས་སྐྲུན་བྱེད་བཞིན་པའི་རྒྱུད་གཅིག་ལམ་གཅིག་མཉམ་ལས་གྲོས་གཞི་དོན་ཐོག་ཏུ་འཁྱོལ་བར་བྱེད་འདོད་ཡོད་ཟེར།

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།

ཏིན་ཞའོ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལི་ཧྥིན་བཅས་གྲོས་མོལ་ལ་ཞུགས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།