ཀྲུང་གོ་བོད་ཀྱི་དྲ་བ།

ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

上海合作组织成员国领导人共同会见记者.jpg

ཟླ6པའི་ཚེས10ཉིན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགོ་གཙོའི་ཚུལ་གྱིས་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས10ཉིན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགོ་གཙོའི་ཚུལ་གྱིས་གསུང་བཤད་གནང་། རྒྱ་གར་གྱི་ཙུང་ལི་མའོ་ཏིས་དང་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུའུ། ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ཐུང་རེ་ཨིན་པེད་ཁི་ཧྥུའུ། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧིག་སེ་དབྱིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མིན། བུའུ་ཙི་པེད་ཁི་སི་ཐན་གྱི་ཙུང་ཐུང་སྨིས་ཨར་ཅི་ཡོ་ཡེ་ཧྥུའུ་བཅས་ཐུག་འཕྲད་ལ་ཞུགས།

ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏོ་མཐོ་རིམ་གྲོས་ཚོགས་སྟེང་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་དང་གྲུབ་འབྲས་མཚམས་སྦྱོར་མཛད། ཁོང་གིས་གསུངས་རྒྱུར། ཕྱོགས་སོ་སོ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། ཞི་བདེ་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། སྒོ་འབྱེད་བཟོད་སྒོམ་དང་མཉམ་རྒྱལ་མཉམ་སྤྱོད་བཅས་ཀྱི་གྲོགས་པོའི་འབྲེལ་བ་མུ་མཐུད་གཏིང་ཟབ་ཏུ་སྤེལ་རྒྱུར་འཐད་པ་བྱུང་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་དང་། ལྟ་ཞིབ་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་འབྲེལ་ཡོད་རྒྱལ་སྤྱི་དང་ས་གནས་རྩ་འཛུགས་ཀྱི་འགན་ཁུར་བས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྩ་ཁྲིམས་ཀྱི་དམིགས་འབེན་དང་རྩ་དོན་ལ་བརྩི་སྲུང་ནན་མོ་བྱེད་པ་དང་། ཧྲང་ཧེ་སྙིང་སྟོབས་དར་སྤེལ་བྱས་ནས། ཁྱིམ་མཚེས་མཛའ་མཐུན་ཡོང་བར་བྱེད་པ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱས་ནས། ས་ཁུལ་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ཡོང་བའི་ཇུས་གཞི་གལ་ཆེན་མཉམ་དུ་འགོད་པ་གཏན་འཁེལ་བྱས། ཚང་མས་མཉམ་དུ་འབད་བརྩོན་བྱས་འོག ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མ་འོངས་པ་སྔར་ལས་མཛེས་སྡུག་ཅན་དུ་འགྱུར་སྲིད་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཟེར།

གསར་འགོད་པར་ཐུག་འཕྲད་མ་བྱས་གོང་། ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོ་ལས་འཛིན་ལྷན་ཚོགས་ཀྱི་ཆིན་ཏོ་བསྒྲགས་གཏམ་དང་ཇུས་ཆོད་རབ་དང་རིམ་པའི་སྟེང་མིང་བཀོད། 
ཏིན་ཞའོ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལི་ཧྥིན་བཅས་གོང་གི་བྱ་འགུལ་ཁྲོད་ཞུགས། 
 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།