ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པའི་ཕྱི་རྒྱལ་ཕྱོགས་ཀྱི་འགོ་ཁྲིད་པར་བསུ་བ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་དྲུག་པའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆིན་ཏོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་གསོལ་སྟོན་བཤམས་ཏེ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་པར་བསུ་བ་ཞུས། པར་འདི་ནི་ཞི་ཅིན་ཕིང་གིས་ཞུ་ཚིག་ཕུལ་བའི་ཚུལ་རེད། 

2.jpg

ཟླ་དྲུག་པའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆིན་ཏོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་གསོལ་སྟོན་བཤམས་ཏེ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་པར་བསུ་བ་ཞུས། པར་འདི་ནི་ཞི་ཅིན་ཕིང་གིས་ཆིན་ཏོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་མཉམ་དུ་དྲན་རྟེན་དུ་པར་བླངས་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་དགུ་ཉིན་ཆིན་ཏོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་གསོལ་སྟོན་བཤམས་ཏེ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་པར་བསུ་བ་ཞུས།

དགོང་མོའི་དུས་ཚོད་བདུན་དང་སྐར་མ་བཅུའི་ཡས་མས་སུ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་དང་ལྟ་ཞིབ་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་། རྒྱལ་སྤྱི་རྩ་འཛུགས་ཀྱི་འགན་ཁུར་བ་སྔ་གཞུག་ཏུ་ཆིན་ཏོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་བསླེབས། ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་མཉམ་དུ་དྲན་རྟེན་དུ་པར་བླངས།  

གསོལ་སྟོན་ཚོམས་ཆེན་དུ་གློག་འོད་རྣམ་པར་བཀྲ་ཞིང་མེ་ཏོག་ལྷམ་མེར་བཞད་ཡོད་ལ། དགའ་སྤྲོ་དང་རྔམ་བརྗིད་ཀྱི་རྣམ་པས་ཁེངས་ཡོད། སྙན་ཞིང་འཇེབས་པའི་མགྲོན་བསུའི་རོལ་མོའི་ཁྲོད། ཞི་ཅིན་ཕིང་དང་སྐུ་མགྲོན་རྣམ་པ་མཉམ་དུ་གསོལ་སྟོན་ཚོམས་ཆེན་དུ་ཕེབས།

ཞི་ཅིན་ཕིང་གིས་ཞུ་ཚིག་ཕུལ་ཏེ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་རྒྱལ་ཁབ་སོ་སོའི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་གསུངས་རྒྱུར། ཧྲང་ཧེ་སྙིང་སྟོབས་ཀྱི་ཁྲིད་སྟོན་འོག ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་བདེ་འཇགས་དང་དཔལ་འབྱོར། མི་གཞུང་སོགས་མཉམ་ལས་ཁྱབ་ཁོངས་སུ་གྲུབ་འབྲས་གཡུར་ཟ་བ་བླངས་ཤིང་། ལམ་ལུགས་འཛུགས་སྐྲུན་ཐད་ལ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ཆེན་པོ་བྱུང་། ད་ལྟ། ཧྲང་ཧེ་མཉམ་ལས་རྩ་འཛུགས་དེ་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། མཉམ་དུ་འཕེལ་རྒྱས་སུ་གཏོང་བ། འཛམ་གླིང་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཟེར།

ཞི་ཅིན་ཕིང་གིས་རྒྱལ་ཁབ་སོ་སོའི་འགོ་ཁྲིད་པ་དང་བརྩེ་བའི་གྲོས་མོལ་མཛད་དེ། མཉམ་དུ་ས་ཁུལ་རང་གི་རྒྱལ་ཁབ་སོ་སོ་དར་རྒྱས་གོང་འཕེལ་དུ་འགྲོ་བ་དང་མི་དམངས་བདེ་སྐྱིད་ཡོང་བར་སྨོན་འདུན་ཞུས་པ་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མ་འོངས་པ་སྔར་ལས་མཛེས་སྡུག་ལྡན་པར་སྨོན་འདུན་ཞུས་པར་མ་ཟད། ཆིན་ཏོ་མཐོ་རིམ་གྲོས་ཚོགས་ལ་ལེགས་གྲུབ་འབྱུང་བར་སྨོན་འདུན་ཞུས།

ཏིན་ཞའོ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཀྲའོ་ཁི་ཀྲི། ཧི་ལི་ཧྥིན་སོགས་གོང་གི་བྱ་འགུལ་ཁྲོད་ཞུགས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།