ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུ་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་བཤད་རྒྱུར།ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་གྲུབ་འབྲས་ཀྱིས་ཕྱུག་པའི་གྲོས་མོལ་བྱས་ཏེ།དུས་རབས་གསར་བའི་ཀྲུང་གོ་དང་ཧ་སག་སི་ཐན་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་རླབས་ཆེ་བའི་ཇུས་འགོད་བྱས། ཉེ་བའི་ལོ་འདི་དག་ལ། ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་པ་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་།རྒྱལ་སྤྱིའི་སྟེང་ནས་ཀྱང་དཔེར་སྟོན་གྱི་ནུས་པ་མི་དམན་པ་ཐོན་སོང་།དུས་རིམ་རྗེས་མར་ཕྱོགས་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་གལ་ཆེན་གྱི་སྦྲེལ་མཐུད་ལ་ཤུགས་སྣོན་དང་།ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་བསམ་འདུན་དངོས་འབེབ་བྱེད་པ་དང་།གཏིང་ཟབ་པའི་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་པ། རྒྱལ་སྐྱོང་སྲིད་འཛིན་གྱི་མཉམ་མྱོང་བརྗེ་རེས་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་རང་གི་འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱེད་པར་ཞབས་ཞུ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
ན་ཀྲ་ཨར་པ་ཡེ་ཧྥུ་ཡིས་བཤད་རྒྱུར། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་རླབས་ཆེ་བའི་གྲུབ་འབྲས་ལ་གོང་བཀུར་བྱེད་ཀྱིན་ཡོད་ལ།ཀྲུང་གོ་ཕྱོགས་ཀྱི་དུས་ཡུན་རིང་བོར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་ལས་ལ་ཤུགས་སྣོན་དང་།ངན་ཤུགས་གསུམ་ལ་རྡུང་རྡེག་བྱེད་པར་རྒྱབ་སྐྱོར།རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་སྲོལ་བརྗེ་རེས་བཅས་བྱེད་པ་ལ་འཐད་པ་ཡིན་ཟེར།

བང་ཏུང་མེན་མཇལ་འཕྲད་ལ་ཞུགས།

ཉིན་དེར། ན་ཀྲ་ཨར་པ་ཡེ་ཧྥུ་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སོང་ནས།མི་དམངས་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་དུ་མེ་ཏོག་གི་ཕྲེང་བ་ཕུལ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།