ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1122953595_15283710267191n.jpg

ཟླ6པའི་ཚེས7ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ཐུང་རེ་ཨན་པེ་ཁི་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚེས་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ཐུང་རེ་ཨན་པེ་ཁི་ཧྥུའུ་ལ་མཇལ་འཕྲད་གནང་། ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་དང་ཅི་ཨར་ཅི་སི་སི་ཐན་ནི་གྲོགས་པོ་བཟང་བོ་དང་ཁྱིན་མཚེས་བཟང་བོ། ཚོང་གྲོགས་བཟང་བོ་བཅས་ཡིན་པ་དང་། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བར་མཐོར་འདེགས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རབས་གསར་བར་བསྐྱོད་པར་སྣེ་སྟོན་བྱས། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཅི་ཨར་ཅི་སི་སི་ཐན་གྲོས་ཁང་དང་མཉམ་དུ་བརྗེ་རེས་དང་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱུད་གཅིག་ལམ་གཅིག་མཉམ་ལས་ཀྱིས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་སྒོ་མོ་འབྱེད་པའི་ལྡེ་མིག་བྱེད་པར་ཁྲིམས་ལུགས་དང་སྲིད་ཇུས་ཀྱི་འགན་སྲུང་བཟང་བོ་འདོན་སྤྲོད་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་པ། ཐུའུ་ཅུའེ་སི་ཐན་ཤར་མའི་འཇིགས་སྐུལ་སྟོབས་ཤུགས་སོགས་ངན་ཤུགས་གསུམ་ལ་མཉམ་དུ་ཆམ་ཕབས་བཏང་སྟེ། ས་གནས་ཀྱི་བདེ་འཇགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་མི་གཞུང་དང་གནས་སྐོར་མཉམ་ལས་ཤུགས་བསྣན་ནས། ཀྲུང་གོ་དང་ཅི་ཨར་ཅི་སི་སི་ཐན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རེ་ཨན་པེ་ཁི་ཧྥུའུ་ཡིས་བསྟན་དོན། ཀྲུང་གོའི་འབྲེལ་བ་ནི་ཅི་ཨར་ཅི་སི་སི་ཐན་ཕྱོགས་ཀྱི་ཐོག་མའི་ཁ་ཕྱོགས་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ངན་ཤུགས་གསུམ་ལ་ཆམ་ཕབས་གཏོང་བའི་མཉམ་ལས་ལ་ཤུགས་སྣོན་པ་དང་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།