ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་རེ་ཨིན་པེད་ཁི་ཧྥུའུ་དང་ཧ་སག་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུའུ་གཉིས་ལ་སོ་སོར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强1.jpg

ཟླ་དྲུག་པའི་ཚེས་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཏིའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཆིན་ཏོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་ཡོང་བའི་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་རེ་ཨིན་པེད་ཁི་ཧྥུའུ་ལ་མཇལ་འཕྲད་གནང་། 

李克强2.jpg

ཟླ་དྲུག་པའི་ཚེས་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཏིའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཆིན་ཏོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་ཡོང་བའི་ཧ་སག་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བདུན་ཉིན་གྱི་ཕྱི་དྲོར་པེ་ཅིན་ཏིའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་རེ་ཨིན་པེད་ཁི་ཧྥུའུ་དང་ཧ་སག་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུའུ་གཉིས་ལ་སོ་སོར་མཇལ་འཕྲད་གནང་།

རེ་ཨིན་པེད་ཁི་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ཁ་སང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་ཀྲུང་གོ་དང་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་སྒྲོག་བྱས་ནས། ཀྲུང་གོ་དང་ཅི་ཨར་ཅི་སི་སི་ཐན་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་ནུས་ཡོད་སྒོས་སྐུལ་འདེད་བཏང་། ཀྲུང་གོ་དང་ཅི་ཨར་ཅི་སི་སི་ཐན་བར་མཉམ་ལས་བྱེད་པའི་སྦས་ཤུགས་རྒྱ་ཆེན་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཅི་ཨར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ་མཉམ་ལས་སྦས་ཤུགས་སྔོག་འདོན་བྱས་ནས། ཐོན་ནུས་དང་མཉམ་འབྲེལ་མཉམ་འདྲེས། དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མྱུར་དུ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་རྒྱུ་སྤུས་མཐོར་འདེགས་དང་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རེ་ཨིན་པེད་ཁི་ཧྥུའུ་ཡིས་བཤད་རྒྱུར། ཅི་ཨར་ཅི་སི་སི་ཐན་ཕྱོགས་ཀྱིས་ཁྱིམ་མཚེས་མཛའ་མཐུན་གྱི་རྨང་གཞིའི་སྟེང་། ཀྲུང་གོ་བར་གྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་པའི་ཚུལ་བསྟན།

ན་ཀྲ་ཨར་པ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧ་སག་སི་ཐན་བར་གྱི་སྲོལ་རྒྱུན་མཛའ་བཤེས་རྒྱུན་ཆད་མེད་པར་ཇེ་དམ་དུ་སོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་ཕན་འབྲས་ལྡན་པའི་གྲོས་མོལ་མཛད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་མཉམ་དུ་ཇུས་འགོད་བྱས། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞི་དང་ཧ་སག་སི་ཐན་གྱི་འོད་ཟེར་བགྲོད་ལམ་འཕེལ་རྒྱས་འཐབ་ཇུས་གཉིས་སྔར་ལས་འབྲེལ་མཐུད་བཟང་བོ་བྱས་ནས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ནུས་ཁུངས། ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་ཐོན་ནུས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པར་མ་ཟད། ཞིང་ལས་ཐོན་རྫས་ཉོ་ཚོང་དང་དངུལ་ལོར་སོགས་མཉམ་ལས་རྒྱ་བསྐྱེད་དེ། ཉོ་ཚོང་དངུལ་གཏོང་དང་མི་སྣ་འགྲོ་འོང་ཐད་ལ་མཐུན་རྐྱེན་བསྐྲུན་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ན་ཀྲ་ཨར་པ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཧ་སག་སི་ཐན་ནི་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོགས་པོ་གལ་ཆེན་ཡིན་པས། ཀྲུང་གོ་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་འདྲིས་བྱེད་པར་ཤུགས་བསྣན་ཏེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།