ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཞི་མིན་ལ་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

汪洋在厦门调研时强调.jpg

ཟླ་དྲུག་པའི་ཚེས་དྲུག་ཉིན་ནས་ཚེས་བདུན་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཞ་མིན་ནས་སྐབས་བཅུ་བའི་མཚོ་འགག་འགྲམ་གཉིས་ཀྱི་གླེང་སྟེགས་སུ་ཞུགས་སྐབས། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་རིག་གནས་བརྗེ་རེས་དང་མཉམ་ལས་བྱེད་པའི་གནས་ཚུལ་ཐད་ལ་གཟིགས་ཞིབ་གནང་།


汪洋在厦门调研时强调1.jpg

པར་འདི་ནི་ཟླ་དྲུག་པའི་ཚེས་དྲུག་ཉིན། ཝང་དབྱང་གིས་ཧྥུའུ་ཅན་ནས་བྱ་བ་སྒྲུབ་བཞིན་པའི་ཐའེ་ཝན་སྤུན་ཟླའི་འཐུས་མི་དང་བཞུགས་མོལ་མཛད་པའི་ཚུལ་རེད། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཞ་མིན་ནས་སྐབས་བཅུ་བའི་མཚོ་འགག་འགྲམ་གཉིས་ཀྱི་གླེང་སྟེགས་སུ་ཞུགས་སྐབས། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་རིག་གནས་བརྗེ་རེས་དང་མཉམ་ལས་བྱེད་པའི་གནས་ཚུལ་ཐད་ལ་གཟིགས་ཞིབ་གནང་། ཝང་དབྱང་གིས་ནན་གྱིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐའེ་ཝན་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། མཚོ་འགག་འགྲམ་གཉིས་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་དང་རིག་གནས་བརྗེ་རེས་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་དེ། ཐའེ་ཝན་སྤུན་ཟླས་ནང་ལོག་ནས་སློབ་སྦྱོང་བྱེད་པ་དང་བྱ་བ་སྒྲུབ་པ། འཚོ་བ་རོལ་བ་བཅས་ཐད་ནས་ནང་ལོག་གི་སྤུན་ཟླ་དང་འདྲ་མཉམ་གྱི་གཟིགས་སྐྱོང་ཐོབ་ཐང་ལོངས་སྤྱོད་བྱེད་དུ་འཇུག་དགོས་ལ། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་བར་གྱི་བརྩེ་དུང་རྒྱུན་ཆད་མེད་པར་ཇེ་དམ་དུ་གཏོང་བ་དང་ཁོ་ཚོར་བདེ་སྐྱིད་སྐྲུན་དགོས་ཟེར།

ཚེས་དྲུག་ཉིན་ནས་ཚེས་བདུན་ཉིན་བར། ཝང་དབྱང་ཐའེ་ཝན་གྱི་དངུལ་གཏོང་ཁེ་ལས་དང་ཐའེ་ཝན་སྤུན་ཟླའི་གཞིས་ཁུལ་ལ་གཟིགས་ཞིབ་མཛད་པ་དང་། ཞ་མིན་སློབ་ཆེན་གྱི་ཐའེ་ཝན་ཞིབ་འཇུག་ཁང་ལ་འཚམས་འདྲི་གནང་བར་མ་ཟད། ཧྥུའུ་ཅན་ནས་བྱ་བ་སྒྲུབ་བཞིན་པའི་ཐའེ་ཝན་སྤུན་ཟླའི་འཐུས་མི་དང་བཞུགས་མོལ་མཛད། ཁོང་གིས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་དེ་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླར་ཕན་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ནི་ཞི་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ཡིན། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཐའེ་ཝན་སྤུན་ཟླའི་བསམ་ཚུལ་ལ་ཉན་པ་དང་ཁོ་ཚོར་ཐུགས་ཁུར་བྱས་ནས། ཁོ་ཚོས་ནང་ལོག་ནས་ལས་སྐྲུན་བྱེད་པར་སྔར་ལས་མཐུན་རྐྱེན་སྐྲུན་དགོས་ཞེས་བསྟན།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།