ཧན་ཀྲིན་གྱིས་ཧྥུའུ་ཅན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས།

780180a646b3fc8715e05bb3d7b0d35b.jpg

ཟླ6པའི་ཚེས3དང་ཚེས4ཡི་ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཧྥུའུ་ཅན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས་པ་དང་། སྲིད་གཞུང་གི་འགན་ནུས་ལེགས་བསྒྱུར་དང་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་སོགས་བྱ་བར་སྐུལ་འདེད་བཏང་། འདི་ནི་ཟླ་དྲུག་པའི་ཚེས་བཞིའི་ཉིན་ཐེ་ཀུའུ་གནམ་གྲུ་བཟོ་སྐྲུན་ཚད་ཡོད་ཀུང་ཟིར་རྟོག་ཞིབ་བྱེད་བཞིན་པའི་ཚུལ་རེད།

9db8e22f8cd81a723a63abf0503e0477.jpg

ཟླ6པའི་ཚེས3དང་ཚེས4ཡི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཧྥུའུ་ཅན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས་པ་དང་། སྲིད་གཞུང་གི་འགན་ནུས་ལེགས་བསྒྱུར་དང་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་སོགས་བྱ་བར་སྐུལ་འདེད་བཏང་། འདི་ནི་ཟླ6པའི་ཚེས4ཡི་ཉིན་ཞ་མིན་ནས་འགོ་འཛིན་བྱས་ཏེ་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་མཆན་ལམ་ལུགས་བཅོས་བསྒྱུར་ཚོད་ལྟའི་ཁུལ་གྱི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུ་བཞིན་པའི་ཚུལ་རེད།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས3ཉིན་ནས་ཚེས4ཡི་ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཧྥུའུ་ཅན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས་པ་དང་། སྲིད་གཞུང་གི་འགན་ནུས་ལེགས་བསྒྱུར་དང་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་སོགས་བྱ་བར་སྐུལ་འདེད་བཏང་། ཧན་ཀྲིན་ཐོག་མར་ཞ་མིན་གྲོང་ཁྱེར་སྲིད་འཛིན་ཞབས་ཞུ་ལྟེ་གནས་ལ་སོང་སྟེ། ཉི་འོད་སྲིད་དོན་སྟེགས་བུའི་འཛུགས་སྐྲུན་ལ་རྒྱུས་ལོན་བྱས་པར་མ་ཟད། ཞ་མིན་གྲོང་ཁྱེར་གྱིས་སྒྲིག་མང་གཅིག་བསྡུས་མ་ལག་འཛུགས་སྐྲུན་དང་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་མཆན་ལམ་ལུགས་བཅོས་བསྒྱུར་བྱེད་པའི་གནས་ཚུལ་ལ་སྐུལ་འདེད་གཏོང་བའི་སྙན་ཞུ་ལ་ཉན་པ་དང་། ཐེ་ཀུའུ་གནམ་གྲུ་བཟོ་སྐྲུན་ཚད་ཡོད་ཀུང་ཟིར་སོང་ནས་ཞ་མིན་གྱིས་འཛམ་གླིང་གི་ཆེས་གལ་ཆེ་བའི་མཁའ་འགྲུལ་ཞིག་གསོ་རྟེན་གཞིའི་འཛུགས་སྐྲུན་གྲུབ་འབྲས་ལ་རྟོག་ཞིབ་བྱས། ཧན་ཀྲིན་ད་རུང་ཧྥུའུ་ཅན་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཞ་མིན་ས་ཁུལ་དུ་སོང་ནས་ཧྥུའུ་ཅན་གྱི་རང་དབང་ཉོང་ཚོང་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་འཕེལ་རིམ་ལ་ཞིབ་ཏུ་རྟོག་ཞིབ་བྱས། ཚེས་བཞི་ཉིན་གྱི་ཕྱི་དྲོར་ཧན་ཀྲིན་གྱིས་ཞ་མིན་ནས་འགོ་འཛིན་བྱས་ཏེ་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་མཆན་ལམ་ལུགས་བཅོས་བསྒྱུར་ཚོད་ལྟའི་ཁུལ་གྱི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཧན་ཀྲིན་གྱིས་བསྟན་དོན། བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་མཆན་ལམ་ལུགས་ལ་བཅོས་བསྒྱུར་བྱེད་པ་ནི་སྲིད་གཞུང་གི་འགན་ནུས་ལེགས་བསྒྱུར་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་བྱ་བར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་པར་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་བཀོད་སྒྲིག་གི་རེ་བ་ལྟར། བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་མཆན་ལམ་ལུགས་ཀྱིས་བརྒྱུད་རིམ་ཡོངས་དང་བཅོས་བསྒྱུར་གྱི་ཁྱོན་ཡོངས་ལ་ཁེབས་པར་བྱེད་པ། འཕེལ་རྒྱས་གསར་བའི་འདུ་ཤེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ཀྱི་སྲིད་གཞུང་དོ་དམ་བྱེད་ཐབས་དང་མི་མཐུན་པ་ཚང་མ་རྩ་བ་ནས་བཅོས་བསྒྱུར་བྱས་ཏེ། ཚོང་རའི་གཙོ་གཞི་དང་མང་ཚོགས་ཀྱི་ཚོར་སྣང་ཚད་གཞིར་བཟུང་ནས་ཚན་རིག་དང་སྟབས་བདེ། ལས་ཆོད་མཐོ་བ་བཅས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་མཆན་དང་དོ་དམ་མ་ལག་འཛུགས་སྐྲུན་བྱེད་དགོས་ཟེར།

མཇུག་མཐར་ཧན་ཀྲིན་གྱིས་རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བཅོས་བསྒྱུར་གྱི་ཆེ་ཕྱོགས་ལ་བསྟུན་ནས། བཅོས་བསྒྱུར་ལ་རྒྱབ་སྐྱོར་དང་བཅོས་བསྒྱུར་ལ་གཞོགས་འདེགས། བཅོས་བསྒྱུར་ལ་སྐུལ་འདེད་བཅས་གཏོང་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས་པ་དང་། ཚོད་ལྟའི་ས་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་དུ་འགོ་ཁྲིད་ལ་ཤུགས་བསྣན་ཏེ། བྱ་བའི་ནང་རྐྱེན་འཐུས་ཚང་དུ་བཏང་ནས་རིམ་པ་རེ་རེ་བཞིན་འགན་འཁྲི་དོན་འཁྱོལ་བྱེད་དགོས། གོང་འོག་མཉམ་འབྲེལ་ལ་ཤུགས་སྣོན་པ་དང་མཉམ་དུ་འབད་བརྩོན་བྱས་ནས། འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་བཟོ་བཅོས་དོར་འགྲེལ་སོགས་བྱ་བ་བཟང་བོར་སྒྲུབ་སྟེ། བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་མཆན་ལམ་ལུགས་བཅོས་བསྒྱུར་བྱེད་པའི་དམིགས་འབེན་འོས་འགན་དུས་ལྟར་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།