ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་རྒྱལ་ཁབ་དཔྱ་ཁྲལ་དང་ས་གནས་དཔྱ་ཁྲལ་བསྡུ་ལེན་དོ་དམ་སྒྲིག་གཞི་བཅོས་སྒྱུར་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

ཟླ་དྲུག་པའི་ཚེས་གཅིག་ཉིན། རྒྱལ་ཁབ་དཔྱ་ཁྲལ་དང་ས་གནས་དཔྱ་ཁྲལ་བསྡུ་ལེན་དོ་དམ་སྒྲིག་གཞི་བཅོས་སྒྱུར་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཧན་ཀྲིན་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་དཔྱ་ཁྲལ་དང་ས་གནས་དཔྱ་ཁྲལ་བསྡུ་ལེན་དོ་དམ་སྒྲིག་གཞི་བཅོས་སྒྱུར་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟླ་དྲུག་པའི་ཚེས་གཅིག་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཧན་ཀྲིན་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་རེ་བ་ལག་ལེན་མཐར་ཕྱིན་བྱས་ནས། རྒྱལ་ཁབ་དཔྱ་ཁྲལ་དང་ས་གནས་དཔྱ་ཁྲལ་བསྡུ་ལེན་དོ་དམ་སྒྲིག་གཞི་བཅོས་སྒྱུར་བྱེད་པའི་ཐད་ལ་སྐུལ་སློང་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་གསུངས་རྒྱུར། རྒྱལ་ཁབ་དཔྱ་ཁྲལ་དང་ས་གནས་དཔྱ་ཁྲལ་བསྡུ་ལེན་དོ་དམ་སྒྲིག་གཞི་བཅོས་སྒྱུར་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཇུས་ཆོད་གལ་ཆེན་ཡིན་ལ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་གཞི་རྩའི་བསྲུང་བྱར་བརྩིས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་གཏན་འབེབས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཆོག་མཆན་བཀོད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་ཇུས་གཞིའི་རེ་བ་ལྟར། རྒྱལ་ཁབ་དཔྱ་ཁྲལ་དང་ས་གནས་དཔྱ་ཁྲལ་བསྡུ་ལེན་དོ་དམ་སྒྲིག་གཞི་བཅོས་སྒྱུར་བྱེད་པའི་ཇུས་གཞི་ལག་བསྟར་བཟང་བོ་བྱས་ནས། རྒྱལ་ཁབ་དཔྱ་ཁྲལ་དང་ས་གནས་དཔྱ་ཁྲལ་བསྡུ་ལེན་དོ་དམ་སྒྲིག་གཞིའི་བཅོས་སྒྱུར་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་གསུངས་རྒྱུར། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་གཙིགས་འཛིན་བྱེད་པ་དེ་བཅོས་སྒྱུར་བྱ་བའི་གོ་རིམ་ཧྲིལ་བོར་སྦྲེལ་དགོས་ལ། སྒྲིག་གཞི་དང་ལམ་ལུགས་ཐད་ནས་ཏང་གི་ཁྲལ་བསྡུ་བྱ་བའི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ཀྱི་ལམ་ལུགས་དང་བཀོད་སྒྲིག་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། རྩ་འཛུགས་འགོ་ཁྲིད་དང་མཐུན་སྦྱོར་གཞོགས་འདེགས་བྱ་བར་ཤུགས་སྣོན་དགོས། རིམ་པ་སོ་སོའི་ཁྲལ་དོན་ལས་ཁུངས་དང་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་ལས་ཁུངས་སོ་སོ་བཅས་ཀྱིས་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ལས་བྱེད་པའི་དཔུང་སྡེའི་བསམ་བློའི་ཆབ་སྲིད་བྱ་བ་བཟང་བོར་སྒྲུབ་པ། སྒྲིག་ཁྲིམས་དང་སྒྲིག་སྲོལ་གཟབ་ནན་བྱེད་པ་བཅས་བྱས་ནས། རྒྱལ་ཁབ་དཔྱ་ཁྲལ་དང་ས་གནས་དཔྱ་ཁྲལ་བསྡུ་ལེན་དོ་དམ་སྒྲིག་གཞིའི་བཅོས་སྒྱུར་བྱ་བ་བརྟན་འཇགས་སྒོས་སྒྲུབ་པར་ཁག་ཐེག་བྱེད་དགོས་ཟེར།

ཞའོ་ཅེ་གྲོས་ཚོགས་སུ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།