ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཧེ་ཧྲན་གྱི་གྲོས་དཔོན་པུའུ་ལ་ཡོ་བེ་ཆི་ལ་མཇལ་འཕྲད་གནང།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 1527906130470258.jpg

ཟླ་དྲུག་པའི་ཚེས་གཅིག་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧེ་ཧྲན་གྱི་གྲོས་དཔོན་པུའུ་ལ་ཡོ་བེ་ཆི་སོགས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཟླ་དྲུག་པའི་ཚེས་གཅིག་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧེ་ཧྲན་གྱི་གྲོས་དཔོན་པུའུ་ལ་ཡོ་བེ་ཆི་སོགས་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཧེ་ཧྲན་བར་གྱི་སྲོལ་རྒྱུན་མཛའ་བཤེས་ལ་ཧ་ཅང་གཅེས་སྤྲས་བྱེད་ཀྱིན་ཡོད། ལོ་མང་པོའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བའི་ཉམས་མྱོང་གལ་ཆེན་ཞིག་ནི་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་ཆེ་ཆུང་གང་ཡིན་རུང་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དུས་དང་རྣམ་པ་ཀུན་དུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོའི་གནད་དོན་ཐད་ལ་དུས་དང་རྣམ་པ་ཀུན་དུ་ཕན་ཚུན་བར་རྒྱབ་སྐྱོར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དེ་ཡིན། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ་དང་བསྟུན་ནས། སྲོལ་རྒྱུན་མཛའ་བཤེས་ཇེ་དམ་དུ་གཏོང་བ་དང་། ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་འཐབ་ཇུས་འབྲེལ་འདྲིས་བྱེད་པར་སྔར་ལས་ཤུགས་སྣོན་པར་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཧེ་ཧྲན་གྲོས་ཁང་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཉིན་རེ་བཞིན་ཇེ་དམ་དུ་གཏོང་བའི་དངོས་གཉེར་མཉམ་ལས་ལ་འདྲ་མཉམ་དང་གོ་རིམ་ལྡན་པའི་ཁྲིམས་ལུགས་ཀྱི་ཁོར་ཡུག་བསྐྲུན་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་འགྲོ་འོང་དང་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་དམ་དུ་གཏོང་བར་འབྲེལ་འདྲིས་བྱེད་འདོད་ཡོད་ཟེར།

པུའུ་ལ་ཡོ་བེ་ཆི་ཡིས་བཤད་རྒྱུར། ཧེ་ཧྲན་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོ་བར་གྱི་མཉམ་ལས་ལ་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ཝན་ཨིག་ཞང་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།