ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ས་གནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་འགན་ཁུར་ལམ་ལུགས་ཀྱི་གཏན་འབེབས་ལག་ལེན་མཐར་ཕྱིན་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་འགན་ཁུར་ལམ་ལུགས་ཀྱི་གཏན་འབེབས་ལག་ལེན་མཐར་ཕྱིན་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བཀོད་དོན། བདེ་འཇགས་ཐོན་སྐྱེད་བྱ་བ་བཟང་བོར་སྒྲུབ་པ་དང་། བདེ་འཇགས་ཐོན་སྐྱེད་འགན་ཁུར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དེ་ལག་བསྟར་ནན་མོ་བྱེད་པ་ནི་གནད་འགག་གི་འགན་སྲུང་ཡིན་པས། ས་གནས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། མི་དམངས་གཙོ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། བདེ་འཇགས་འཕེལ་རྒྱས་འདུ་ཤེས་དམ་པོར་བཅངས་ཏེ། ས་གནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་འགན་ཁུར་ལམ་ལུགས་ཀྱི་གཏན་འབེབས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ལ། ཕྱོགས་སོ་སོའི་དོ་དམ་དང་འགན་འཁྲི་རྩད་གཅོད་ལམ་ལུགས་གཏན་འཁེལ་གསལ་བོ་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞིའི་སྒྲིག་ཆས་ལ་ཤུགས་སྣོན་པ་དང་། ཉེན་ཁར་དུས་ཐོག་ཏུ་ཞིབ་བཤེར་བྱེད་པ། བདེ་འཇགས་གཙོ་བོར་འཛིན་པ་བཅས་ཕན་ཡོད་ལམ་ལུགས་ཆགས་པར་བྱེད་དགོས། ལས་ཁུངས་སོ་སོས་མཛུབ་སྟོན་དང་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ས་གནས་དང་མཉམ་ཤུགས་འདོན་དགོས། དེ་དང་མཉམ་དུ་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་བཀོད་སྒྲིག་ལྟར། བབ་བསྟུན་དོ་དམ་སྒྲིག་གཞི་དང་ལམ་ལུགས་མྱུར་དུ་འཐུས་ཚང་དུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ནུས་པ་མུ་མཐུད་དུ་ཇེ་ཆེར་གཏོང་བ། དོན་རྐྱེན་ཚབས་ཆེན་འབྱུང་བ་ངེས་པར་དུ་བཀག་འགོག་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་དངོས་སུ་ཁག་ཐེག་བྱེད་དགོས་ཟེར།

རྒྱལ་སྲིད་ཨུ་ཡོན་ཝང་ཡུང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།