ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强同德国总理默克尔举行会谈.jpg

ཟླ5བའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་གྲོས་མོལ་མཛད། གྲོས་མོལ་མ་མཛད་པའི་སྔོན་ལ། ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་རང་རྒྱལ་ལ་འཚམས་འདྲིར་ཡོང་བར་བསུ་མ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ཐེངས་ནི་ཁྱོད་ཀྱིས་འཇར་མན་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལིའི་འགན་འཁུར་རྗེས་ཐོག་དང་པོར་ཀྲུང་གོར་འཚམས་འདྲི་བྱས་པ་ཡིན་ལ། དེ་ལས་འཇར་མན་ཕྱོགས་ཀྱིས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་མཚོན་ཡོད། རྒྱལ་ཁབ་གཉིས་ཀྱི་སྐབས་གསར་བའི་སྲིད་གཞུང་གིས་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་དང་མཉམ་ལས་དེ་ཆུ་ཚད་མཐོ་བའི་རྨང་གཞིའི་སྟེང་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་དངུལ་གཏོང་གྲོས་མཐུན་འགོད་པའི་གྲོས་མོལ་ལག་བསྟར་བྱེད་པར་རེ་སྒུག་བྱས་ཡོད་པར་མ་ཟད། ཡོ་རོབ་གླིང་ཕྱོགས་དང་མཉམ་དུ་ཧུར་ཐག་སྒོས་སྣ་མང་རིང་ལུགས་དར་སྤེལ་བྱེད་པ་དང་། སྒྲིག་སྲོལ་རྨང་གཞི་ཡིན་པའི་སྣ་མང་ཉོ་ཚོང་སྒྲིག་སྲོལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ་ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མའོ་ཁི་ཨར་གྱིས་བཤད་རྒྱུར། འཇར་མན་ཕྱོགས་ཀྱིས་ད་ལོར་སྐབས་གསར་བའི་འཇར་མན་དང་ཀྲུང་གོ་སྲིད་གཞུང་གི་གྲོས་མོལ་ལ་རེ་སྒུག་བྱས་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་འཇར་མན་ལ་མ་དངུལ་གཏོང་བར་དགའ་བསུ་ཞུ་བ་ཡིན་ཟེར།

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས།

གྲོས་མོལ་མ་མཛད་པའི་སྔོན་ལ། ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་རང་རྒྱལ་ལ་འཚམས་འདྲིར་ཡོང་བར་བསུ་མ་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།