ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་མའོ་ཁི་ཨར་གཉིས་ཀ་མཉམ་དུ་ཀྲུང་གོ་དང་འཇར་མན་དཔལ་འབྱོར་བློ་འདོན་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གཉིས་ཀ་མཉམ་དུ་ཀྲུང་གོ་དང་འཇར་མན་དཔལ་འབྱོར་བློ་འདོན་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་ཚོགས་འདུར་ཞུགས་པའི་འཐུས་མི་རྣམས་དང་མཉམ་དུ་བརྗེ་རེས་བྱས།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་སྐབས་གསར་བའི་སྲིད་གཞུང་འགོ་ཚུགས་པའི་ལོ་ཡིན་པས། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཁེ་ལས་ལས་རིགས་ཀྱི་འཐུས་མིས་ཀྲུང་གོ་དང་འཇར་མན་བར་གྱི་མཉམ་ལས་ལ་མཉམ་གྲོས་བྱེད་པར་དོན་སྙིང་ཆེན་པོ་ལྡན། ཀྲུང་གོ་དང་འཇར་མན་གྱིས་མཉམ་ལས་ཐད་ནས་གཉིས་ཕན་མཉམ་རྒྱལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་པར་མ་ཟད་ཡོ་རོབ་གླིང་དང་ཐ་ན་འཛམ་གླིང་ཡོངས་ལ་ཁེ་ཕན་སྐྲུན་དགོས་ཟེར།

མའོ་ཁི་ཨར་གྱིས་བཤད་རྒྱུར། དེང་སྐབས་འཇར་མན་དང་ཀྲུང་གོའི་ཁེ་ཕན་གྱིས་ཕན་ཚུན་ལ་མ་དངུལ་གཏོང་བའི་རྣམ་པ་བཟང་ཞིང་། ཕྱོགས་གཅིག་ལ་མ་དངུལ་གཏོང་བ་མ་ཡིན་པར་ཕྱོགས་མང་པོ་རུ་མ་དངུལ་གཏོང་བཞིན་ཡོད། འཇར་མན་དང་ཀྲུང་གོས་ཕྱོགས་གཉིས་ཀྱི་ཁེ་ལས་ཀྱིས་ཕན་ཚུན་ལ་མ་དངུལ་གཏོང་བར་འདྲ་མཉམ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།