ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«རང་དབང་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱི་སྐོར་ཐེངས་བཞི་བའི་བཅོས་སྒྱུར་ཚོད་ལྟའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་ཁྱབ་གདལ་དུ་གཏོང་བའི་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བརྡ་ཐོ»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙུང་ལི་ལིས་ཁི་ཆང་གིས་ཆོག་མཆན་བཀོད་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ«རང་དབང་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱི་སྐོར་ཐེངས་བཞི་བའི་བཅོས་སྒྱུར་ཚོད་ལྟའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་ཁྱབ་གདལ་དུ་གཏོང་བའི་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བརྡ་ཐོ»དཔར་ནས་བཀྲམ།

«བརྡ་ཐོའི»ནང་བཀོད་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དཔྱད་གཞིར་འཛིན་པ་དང་ཁྱབ་གདལ་དུ་གཏོང་བའི་བྱ་བ་བཟང་བོར་སྒྲུབ་པ་དེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། ཚོང་རའི་སྟོབས་ཤུགས་ཇེ་ཆེར་བཏང་སྟེ། རང་རྒྱལ་གྱི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རེ་བ་དང་མཐུན་པའི་སྒྲིག་གཞི་གསར་བ་དང་བྱེད་ཐབས་གསར་བ་རིམ་བཞིན་བཙུགས་ནས། དཔལ་འབྱོར་གསར་གཏོད་ནུས་ཤུགས་དང་འགྲན་རྩོད་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས།

«བརྡ་ཐོ»ལས་ཐེངས་འདིར་དཔྱད་གཞིར་འཛིན་པ་དང་ཁྱབ་གདལ་དུ་གཏོང་བའི་བཅོས་སྒྱུར་བྱ་བ་བསྡོམས་པས་སྣ་ཁ་སུམ་ཅུ་དང་། རྒྱལ་ཡོངས་སུ་དཔྱད་གཞིར་འཛིན་པ་དང་ཁྱབ་གདལ་དུ་གཏོང་ཆོག་པའི་བཅོས་སྒྱུར་བྱ་བ་སྣ་ཁ་ཉེར་བདུན་གཏན་འཁེལ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།