ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཚོང་དོན་པུའུ་དང་སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་གཉིས་ལ་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

a66bde792294a2894b97bd7c519fcc2b.jpg

ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་པའི་ཐད་ནས་ཚོང་དོན་པུའུ་དང་སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་གཉིས་ལ་གཟིགས་ཞིབ་གནང་བར་མ་ཟད་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད། པར་འདི་ནི་ལིས་ཁི་ཆང་གིས་སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་ལ་གཟིགས་ཞིབ་མཛད་པའི་ཚུལ་རེད།

840780d0b826d3fc0160db653e02c865.jpg

ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་པའི་ཐད་ནས་ཚོང་དོན་པུའུ་དང་སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་གཉིས་ལ་གཟིགས་ཞིབ་གནང་བར་མ་ཟད་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད། པར་འདི་ནི་ལིས་ཁི་ཆང་གིས་ཚོང་དོན་པུའུ་ལ་གཟིགས་ཞིབ་མཛད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་པའི་ཐད་ནས་ཚོང་དོན་པུའུ་དང་སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་གཉིས་ལ་གཟིགས་ཞིབ་གནང་བར་མ་ཟད་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད།

སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་ནས་ལིས་ཁི་ཆང་གིས་སྒོ་ཁྲལ་བྱ་བ་གཞི་གཅིག་ཅན་དང་སྟབས་བདེ་ཅན་དུ་གཏོང་བའི་ཐད་ཀྱི་ཡར་ཞུ་ལ་ཉན་པར་མ་ཟད། ལས་ཡུལ་དང་པོར་ཡོད་པའི་ལས་བྱེད་མི་སྣ་དང་བརྙན་འཕྲིན་བརྒྱུད་དེ་བརྗེ་རེས་གནང་བ་དང་། ཁོ་ཚོས་ཁེ་ལས་ཀྱི་དགོངས་མཁོར་དམིགས་ནས། དེང་རབས་ཀྱི་འཕྲིན་གཏོང་ལག་རྩལ་སྤྱད་དེ་ཞབས་ཕྱིའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ལ། ནང་འདྲེན་ཕྱིར་གཏོང་གི་དུས་ཡུན་ཇེ་ཐང་དུ་གཏོང་བ་དང་མ་རྩ་སྔར་ལས་ཇེ་དམར་གཏོང་བར་སྐུལ་མ་བཏང་།

ཚོང་དོན་པུའུ་ནས་ལིས་ཁི་ཆང་གིས་ཕྱི་དངུལ་བཀོལ་སྤྱོད་སྲིད་ཇུས་ལག་བསྟར་བྱེད་པའི་གནས་ཚུལ་དང་མིག་སྔར་ཕྱི་དངུལ་ནང་འདྲེན་བྱེད་པའི་ཐད་གནས་པའི་གནད་དོན་དང་གོ་རིམ་རྗེས་མའི་བྱ་བར་རྒྱུས་ལོན་མཛད། ལིས་ཁི་ཆང་གིས་གསུངས་རྒྱུར། ང་ཚོས་སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་པ་དང་ཕྱི་རྒྱལ་གྱི་ཚོང་བའི་དངུལ་གཏོང་ཁོར་ཡུག་ཧུར་ཐག་སྒོས་ཇེ་ལེགས་སུ་བཏང་སྟེ། རང་དབང་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱི་སྒོ་འབྱེད་རྒྱ་བསྐྱེད་པའི་ཉམས་མྱོང་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་། ཚོང་དོན་པུའུ་དང་སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་ཡི་འགན་ཁུར་བ་གཙོ་བོས་ཡར་ཞུ་བྱས། ལིས་ཁི་ཆང་གིས་ཚོང་དོན་པུའུ་དང་སྒོ་ཁྲལ་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བས་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ཐད་བསྒྲུབས་པའི་བྱ་བར་ཁས་ལེན་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། འདས་པའི་ལོ་བཞི་བཅུའི་རིང་ལ། སྒོ་འབྱེད་བྱས་ནས་བཅོས་སྒྱུར་ལ་སྣེ་ཁྲིད་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ལོ་རྒྱུས་ཀྱི་དུས་སྐབས་གསར་བར། སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་པ་ནི་ང་ཚོའི་དགོས་ངེས་ཀྱི་འཐབ་ཇུས་གདམ་གསེས་ཡིན། བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཚོང་རའི་སྟོབས་ཤུགས་ཇེ་ཆེར་གཏོང་བ། འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་སྣེ་ཁྲིད་བྱེད་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། སྒོ་འབྱེད་ཁྲོད་གནས་པའི་རྒྱལ་སྤྱིའི་ཁོར་ཡུག་གི་འགྱུར་ལྡོག་གསར་བར་ངོས་འཛིན་དང་ཚོད་འཛིན་བཟང་བོ་བྱེད་དགོས་པར་མ་ཟད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། དཔལ་འབྱོར་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་དང་། སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་པའི་རྣམ་པ་དང་འཐབ་ཇུས་བྱེད་ཐབས་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། གོ་སྐབས་དམ་འཛིན་དང་འགྲན་རྩོད་ལ་ཁ་གཏད་འཇལ་ཏེ། རང་འགུལ་གྱིས་སྒོ་འབྱེད་བྱས་ནས་འཕེལ་རྒྱས་ཀྱི་རིམ་པ་སྤར་བར་སྐུལ་འདེད་གཏོང་དགོས་ཟེར།

ཧུའུ་ཁྲུན་ཧྭ་དང་ཞའོ་ཅེ། ཧི་ལིས་ཧྥིན་བཅས་རྟོག་ཞིབ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།